[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>༢༠༡༦ལོའི་ལྷ་སའི་ཞོ་སྟོན།
  • ཞོ་སྟོན་རིང་ལྷ་སས་འཕྲོད་བསྟེན་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་ཡག་པོ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-08-31

    ཉིན་ཤས་གོང་། ཞོ་སྟོན་རིང་ལྷ་ས་གྲོང་ཁྱེར་གྱིས་འཕྲོད་བསྟེན་གྱི་བདེ་འཇགས་ལས་དོན་གྱི་འགན་ལེན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཞོ་སྟོན་རིང་འཕྲོད་བསྟེན་གྱི་བདེ་འཇགས་འགན་ལེན་ནུས་ལྡན་མཁོ་འདོན་བྱ་རྒྱུ་རེད།

    ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་བདེ་སྐྱིད་ཀྱིས“ཞོ་སྟོན་རིང་། ཆེད་མི་བཀོད་སྒྲིག་བྱས་ཏེ་ཚོགས་སྤྱིའི་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་ལ་ལྟ་ཞིབ་ཚད་འཇལ་བྱས་ནས་རིམས་ནད་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་མི་ཐོན་པ་བྱས་ཏེ་དབྱེ་ཞིབ་ཕྱོགས་བསྡུས་དང་འབྲེལ་ཡོད་ཆ་འཕྲིན་སྙན་སེང་ཞུ་རྒྱུ་དང་། རིམས་ནད་ཚབས་ཆེན་དང་། ཟས་དུག ཚོགས་སྤྱིའི་རང་བཞིན་གྱི་མངོན་མེད་ནད་གཞི་གལ་ཆེན་སོགས་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཤེས་མ་ཐག་གམ་ཡང་ན་ཐོན་ཚེ། སྨན་བཅོས་འཕྲོད་བསྟེན་གྱི་བདེ་འཇགས་འགན་ལེན་ཚོགས་ཆུང་གིས་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་རེད”ཅེས་གསར་འགོད་པར་བཤད།

    ཞོ་སྟོན་རིང་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འགན་ལེན་ཚོགས་ཆུང་གིས་བྱེད་སྒོའི་རིང་གི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཐད་སྒྲིག་འཛུགས་དང་། བཀོད་འདོམས། མཐུན་སྦྱོར། དོན་འཁྱོལ་བཅས་བྱ་རྒྱུའི་འགན་འཁུར་ཏེ་བཟའ་བཅའ་དང་སྨན་རྫས་ཀྱི་ཐོལ་བྱུང་རང་བཞིན་གྱི་དོན་རྐྱེན་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་དང་། སྨན་རྫས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྒྲིག་འཛུགས་ཀྱིས་སྤེལ་ནས་ཞོ་སྟོན་རིང་གི་བྱེད་སྒོ་ཁང་ཁག་གི་ཉེ་འཁོར་སྨན་རྫས་གཉེར་སྐྱོང་ཁེ་ལས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་སྨན་གཏོར་ཡོ་བྱད་བརྡ་ཁྱབ་གཏོང་རིགས་ལ་ལྟ་ཞིབ་ཚད་འཇལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྫུན་ལྷད་ཞན་གསུམ་གྱི་སྨན་རྫས་བཙོངས་རིགས་སོགས་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་བཅས་དང་། བཟའ་བཅའི་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཁོངས་མིའི་ཚན་པ་ཁག་དང་མཐུན་སྦྱོར་གྱིས་ཞོ་སྟོན་རིང་གི་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབས་ཏེ་ཁྲིམས་འགལ་ངང་བཟའ་བཅའི་སྦྱོར་རྟ་དང་བཟའ་བཅའི་སྦྱོར་རྟ་གང་བྱུང་དུ་སྤྱོད་པའི་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།