[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>མྱུར་འཕྲིན་པར་རིས།
  • ཚོགས་འདུ་གཉིས་ཀྱི་མྱོང་གཏམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-08

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་ཏང་དང་སྲིད་གཞུང་གིས་མི་སེར་གྱི་ཁེ་ཕན་དོན་གཉེར་བྱེད་པའི་སྲིད་འཛིན་འདུ་ཤེས་གང་ལེགས་དང་ཏན་ཏིག་མཚོན་པ་དང་། སྐད་ཆ་མི་རེ་ངོ་རེ་ཚང་མས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་དམངས་འདུན་དང་མཐུན་ཡོད་པས་སྙན་སྒྲོན་དེར་ངས་རྦད་དེ་མོས་མཐུན་ཡོད། གཅིག་ནས་ཁྲོན་བོད་ལྕགས་ལམ་ཆབ་མདོའི་ལམ་དུམ་བུ་གང་མགྱོགས་འཛུགས་སྐྲུན་ལས་འགོ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་དུས་མཚུངས་ཁྲོན་བོད་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱས་ཏེ་ཆབ་མདོའི་འགྲིམ་འགྲུལ་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་བ་དང་། གཉིས་ནས་མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཐད་མ་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།

    —རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་ཐང་སྐྱ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་འཇམ་དབྱངས་ཉི་མས།

    སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དེ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་ལ། ཁྱོན་ཡོངས་དང་། ཚིག་ཉུང་ཞིང་དོན་གསལ་བ། ནང་དོན་ཕུན་སུམ་ཚོགས་པ་བཅས་དང་། ལྷག་པར་དུ་སྙན་སྒྲོན་ནང་ནུབ་རྒྱུད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གནད་དོན་སྐོར་གླེང་ཡོད་པས། ཧ་ཅང་གིས་བདེན་པ་བདེན་ཐུབ་ཞིག་ཡིན་པའི་ཚོར་སྣང་བྱུང་། 2015ལོར་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་བྱ་རྒྱུ་དེ་གཙོ་གནད་ལས་དོན་དུ་བྱས་ཏེ་གྲོས་མོལ་བྱེད་ཚད་མང་དུ་གཏོང་བ་དང་དངོས་ཕན་ལ་སྔར་བས་མཐོང་ཆེན་བྱས་ནས་སྲིད་གྲོས་ཨུ་ཡོན་གྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་ཚོགས་འདུའི་གནས་ཚུལ་དེ་བས་མང་བ་ཤེས་རྟོགས་ཐུབ་པ་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན། —རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་སྐལ་བཟང་ནོར་བུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།