[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>གསར་འགྱུར་ལྟེ་གནས།
  • བོད་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་མུ་མཐུད་གཏོགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-12

    0312at1.jpg

    འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་ལྷུག་པོར་གླེང་བའི་གནས་ཚུལ་ཡིན་པ།

    ཚེས་10ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་མུ་མཐུད་ཚོགས་ཆུང་གྲོས་བསྡུར་བྱས་པ་དང་། རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་གཏོགས་ཁོངས་ཁག་ཏུ《སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》སློབ་སྦྱོང་བྱས་པ་དང་འབྲེལ་རང་ཉིད་ཀྱི་ལས་སྒྲུབ་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་ཚ་ཚ་འུར་འུར་ངང་སྤེལ་བ་རེད།

    མགོན་པོ་བཀྲ་ཤིས་དང་། ཤིང་རྩ་བསྟན་འཛིན་ཆོས་གྲགས། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ང་ཕོད་འཇིགས་ཡོན་སོགས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་རང་ལྗོངས་ཀྱི་ཨུ་ཡོན་ཚོས་གཏོགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་དང་སློབ་སྦྱོང་ནང་སོ་སོར་ཞུགས་པ་རེད།

    རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་གྲོས་བསྡུར་དང་སློབ་སྦྱོང་གནང་བའི་བརྒྱུད་རིམ་ནང《སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》གྱིས་དུས་སྐབས་གསར་པའི་ཏང་གི་འགོ་ཁྲིད་འོག་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་མང་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དེ་ནི་སླད་ཕྱིན་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་གི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། བསམ་འཆར་ནང“གྲོས་མོལ་དམངས་གཙོའི་ཐབས་ལམ་གཙོ་བོ་དང་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས”ཞེས་གསལ་པོ་བཏོན་པ་ལས་ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་དང་སྲིད་གྲོས་གྲོས་མོལ་དམངས་གཙོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་གྱི་ཡོད་པའི་ངོས་འཛིན་གནང་བ་རེད།

    ཨུ་ཡོན་ཚོས་ང་ཚོས་མི་དམངས་སྲིད་གྲོས་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་གི་ཤུགས་རྒྱག་ས་གནད་ལ་འཁེལ་བའི་ངང་འཚོལ་ཞིབ་ཀྱིས་ཏང་གི་གཅིག་གྱུར་འགོ་ཁྲིད་འོག་གོ་རིམ་ལྡན་པའི་ངང་གྲོས་མོལ་བྱེད་པ་དང་། ཏང་ཨུད་དང་སྲིད་གཞུང་གི་ལས་ཀ་དང་འབྲེལ་མཐུད་ནུས་ལྡན་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་འཕེལ་རྒྱས་དངོས་ཡོང་བ་བྱེད་དགོས། གྲོས་མོལ་དམངས་གཙོའི་ལས་ཀའི་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཟབ་ཏུ་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གྲོས་གཞི་གལ་ཆེན་ལ་དམིགས་ཏེ་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ནས་བརྟག་ཞིབ་དང་ཆེད་དོན་གྲོས་མོལ་སོགས་བྱེད་སྒོ་སྤེལ་བ་དང་། སྐད་ཆ་དྲང་པོ་ཤོད་པ་དང་། ཐབས་བཟང་བཏོན་ནས་སྲིད་གྲོས་ཀྱི་གྲོས་འགོ་ཆགས་པ་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་ཐབས་ཇུས་འདིང་རྒྱུར་དཔྱད་གཞི་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།