[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>དཔྱད་གཏམ་དང་གླེང་མོལ།
  • སེམས་ནུས་ཡོད་རྒུས“སྒོ་ཀུན་ནས་བཞིར”སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-17

    རེ་བས་ཁེངས་པའི་དུས་ཚིགས་དང་། དམངས་གཙོ་དང་། མཐུན་སྒྲིལ། དངོས་གཉེར། འབད་འཐབ་བཅས་ཀྱི་སྤྲོ་སེམས་འཁོལ་བའི་རྣམ་པའི་ཁྲོད་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་ཟིན་ནས་རྒྱལ་ཁའི་ངང་གྲོལ་ཞིང་། ད་རེས་ཀྱི་ཚོགས་འདུ་ནི་སྒོ་ཀུན་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་དང་། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་འགོ་ཚུགས་ལོ། སྒོ་ཀུན་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལེགས་སྒྲུབ་བྱེད་པའི་མཇུག་བསྡུའི་ལོ། རྒྱུན་རྣམ་གསར་པའི་འོག་དཔལ་འབྱོར་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ལོ་བཅས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། “སྒོ་ཀུན་ནས་བཞིའི”འཐབ་ཇུས་གཏིང་ཟབ་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བའི་སྐུལ་སློང་ཚོགས་ཆེན་ཞིག་ཀྱང་ཡིན་པས་རང་རྒྱལ་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

    ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སེམས་ནུས་ཡོད་རྒུས“སྒོ་ཀུན་ནས་བཞིའི”འཐབ་ཇུས་གཏིང་ཟབ་ངང་དོན་འཁོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བློ་གྲོས་དང་བརྩོན་འགྲུས་ལ་བརྟེན་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་མགྱོགས་མྱུར་སྐུལ་མ་ཐེབས་ནས་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་དང་ས་མཐོའི་བུ་ཕྲུག་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།