[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>དཔྱད་གཏམ་དང་གླེང་མོལ།
  • ཚོགས་འདུ་གཉིས་ཀྱི་ཁྱད་ཆོས་གཞན་ཞིག་ནི“མདོར་བསྡུས”ཞེས་པ་དེ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-17

    རི་འགོག་དམག་འཁྲུག་སྐབས་ལས་ཁུངས་ཧ་ཅང་ཆེ་བ་སོགས་ཞན་ཆ་སྣ་ཚོགས་ལ་དམིགས་ནས་རང་རེའི་ཏང་གིས་ས་ཁུལ་ལ་གཞིགས་ནས་དམག་དཔུང་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ་བྱས་པས་འཐབ་འཛིང་གི་ནུས་པ་ཇེ་ཆེར་ཕྱིན་ཡོད།

    འདི་ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགོ་ཚུགས་ལོ་ཞིག་རེད་ལ། བརྟན་པོའི་ངང་འཕར་བ་དང་གྲུབ་ཆ་ལེགས་སྒྲིག་བྱེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཀྱང་རེད། “མདོར་བསྡུས་ན”ཞེས་པ་དེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གློ་བུར་དུ་མངོན་པ་དེར་རྣམ་པ་གསར་པ་དང་གོ་དོན་ཟབ་མོ་ལྡན་ཡོད།

    མདོར་བསྡུས་ན། དབང་ཆ་ཡོད་རུང་རང་ཤེད་བྱེད་མི་རུང་།

    རྙོག་འཛིང་ཆེ་བའི་དབང་ཆ་ལས་རུལ་སུངས་ཀྱི་གནད་དོན་ཐོན་པ། “ཧྲན་ཤིས་སུ་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་བྱེད་སྐབས་རུལ་སུངས་པ་ཁྱུ་དང་ཁྱུ་མངོན་པ་དང་བྱ་སྤྱོད་སྤེལ་ནས་ཁྱུ་དང་ཁྱུ་བརྡིབས་ཡོད” གསོལ་ལྕོག་སྟེང་གི་ཆུད་ཟོས་དང་། རླངས་འཁོར་གྱི་རུལ་སུངས། འདུ་གནས་ཀྱི་སྤྱོད་ངན། གཞུང་དངུལ་བཏང་ནས་ཕྱག་རྟགས་སྤྲོད་པ་ལ་སོགས་དབང་ཆར་བརྟེན་ནས་སྒེར་དོན་གཉེར་བ་དང་དབང་ཆར་བརྟེན་ནས་ཁེ་ཕན་གཉེར་བའི་འབྲེལ་བ་ཡང་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སྟག་སྦྲང་མཉམ་རྡུང་བྱས་པས་རུལ་སུངས་པ་བྲོས་ཐབས་བྲལ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཏང་ནན་པོར་སྐྱོང་བ། རྙོག་འཛིང་སྟབས་བདེར་གཏོང་བ་བཅས་བྱེད་པར་དབང་ཆ་ཡོད་ཀྱང་རང་ཤེད་བྱེད་མི་རུང་།

    རྙོག་འཛིང་ཆེ་བའི་དབང་ཆ་ལས་གསོན་ཤུགས་ཉམས་པ། སྲིད་གཞུང་གི་དབང་ཆས་ཡོད་ཚད་ཐག་གཅོད་པའི་དུས་རབས་སུ་ཤ་ཕྲན་ཙམ་བཟའ་བར་ཡང་འབྲེལ་བ་བཙལ་ནས་ཤ་ཉོ་བའི་སྤ་སེ་འཚོལ་དགོས་ཀྱི་ཡོད་པས་སྐབས་ཤིག་རིང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་དུ་གྱུར་པ་དང་གསར་གཏོད་ཀྱང་བྱེད་ནུས་མེད་པར་གྱུར། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོར་སྐྱེ་སྟོབས་ཀྱིས་ཁེངས་ནས་གྲུབ་འབྲས་ཆེན་པོ་ཐོབ། འོན་ཀྱང་དབང་ཆ་དོར་མི་འདོད་པ་དང་། དབང་ཆ་བོགས་མར་གཏོང་བ། དབང་ཆ་བོགས་མར་གཏོང་ཡུལ་འཚོལ་བ་བཅས་ལས་ཁྲོམ་ར་དང་སྤྱི་ཚོགས་ཀྱི་གསོན་ཤུགས་ཁྱོན་ཡོངས་ནས་འཕེལ་རྒྱུར་སྔར་བཞིན་འགལ་རྐྱེན་ཚབས་ཆེན་བཟོས་ཡོད། ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཐོག་ནས་ཞིབ་བཤེར་ཆོག་མཆན་འགོད་པའི་དོན་ཚན་246མེད་པར་བཟོས་ནས་གཤམ་སྤྲོད་བྱས་པ་དང་འདི་ལོ་མུ་མཐུད་དོན་ཚན་ཁག་གཅིག་མེད་པར་བཟོ་རྒྱུ་དང་གཤམ་སྤྲོད་བྱ་རྒྱུ་རེད།

    མདོར་བསྡུས་ན། དངུལ་ཡོད་རུང་རང་ཤེད་བྱེད་མི་རུང་།

    དངུལ་ཁོ་ན་བསམས་པའི་འཕེལ་རྒྱས་རྙོག་འཛིང་ཅན་དེ་རྒྱུན་མཐུད་བྱེད་མི་རུང་། GDPམགྱོགས་མྱུར་འཕར་ནས་གྲོང་མི་དང་རྒྱལ་ཁབ་ལ་དངུལ་ཡོད་ཀྱང་ཁེར་རྐྱང་གི་དཔལ་འབྱོར་གྲངས་གཞི་འཕར་ཐབས་བྱ་ཆེད། སྣོད་བཅུད་ཁོར་ཡུག་ལ་བསམ་བློ་མ་བཏང་བར་སྦགས་བཙོག་ཁེ་ལས་ནང་འདྲེན་བྱེད་པ་དང་། ཁྲོམ་རའི་རྣམ་པར་མ་བལྟོས་པར་རྗེས་ལུས་ཀྱི་ཐོན་ནུས་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ཀྱི་གནས་བབ་ལ་མ་བལྟོས་པར་འཛུགས་སྐྲུན་བསྐྱར་ཟློས་བཅས་བྱེད་མི་རུང་། “ཀྲུང་གོས་བཟོས་པ། 2025” བཟོ་མཁན་རྒྱལ་ཁབ་ཆེན་པོ་ནས་བཟོ་མཁན་རྒྱལ་ཁབ་སྟོབས་ཆེན་དུ་སྒྱུར་བའི་བར་རྒྱལ་ཁབ་ཀྱི་དངུལ་དག་ལག་རྩལ་རིམ་སྤོར་དང་ཚན་རྩལ་གསར་གཏོད་བྱེད་པའི་ཐད་སྤྱོད་པ་དང་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་དང་ཁོར་ཡུག་བཅོས་སྐྱོང་གི་འགག་རྩའི་ཐད་སྤྱད་དེ་ནམ་མཁའ་ནམ་ཡང་སྔོན་པོ་དང་ཆུ་ནམ་ཡང་དྭངས་གཙང་ཡོང་བར་བྱས་ནས་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་གཏོང་དགོས།

    དངུལ་ཁོ་ན་བསམས་ནས་བཙལ་བའི་རྒྱུ་ནོར་ལས་དོ་མི་སྙོམས་པར་ཆགས་ཡོང་། སྔོན་ལ་ཕྱུག་པོ་ཆགས་པའི་འབྱོར་བདག་ཁག་གཅིག་གི་བག་མེད་ལོངས་སྤྱོད་དང་རྒྱུ་དངུལ་གྱི་ལྟ་ཚུལ་ལས་སྤྱི་ཚོགས་ཀྱི་ཉེས་སྤྱོད་ཆེ་རུ་ཕྱིན་ནས་དངུལ་གྱི་ཆེད་དུ་མི་བྱེད་དགུ་བྱེད་བྱེད་ཀྱི་ཡོད། ཡིན་ན་ཡང་ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི་7000ལས་བརྒལ་བས་དབུལ་ཕྱུག་མི་སྙོམས་པའི་གནད་དོན་རྒྱ་ཁྱབ་ཏུ་གནས་ཡོད། དབུལ་ཕོངས་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་མ་ཐུབ་ཚེ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐབས་མེད་ལ་དབུལ་ཕྱུག་མི་སྙོམས་པའི་གནད་དོན་ཐག་གཅོད་མ་ཐུབ་ན་ཐུན་མོང་ཕྱུག་འགྱུར་ཡོང་རྒྱུ་མངོན་འགྱུར་བྱེད་ཁག་པོ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།