[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>དཔྱད་གཏམ་དང་གླེང་མོལ།
  • ཚོགས་འདུ་གཉིས་ཀྱི་དར་སོའི་ཚིག་ནས“ཡིད་ཆེས་མཐོང་ཐུབ”

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-17

    འཕེལ་རྒྱས། “རྒྱུན་རྣམ་གསར་པ”

    སྒྱུར་བ་དང་རིམ་སྤོར་བྱས་ཏེ་དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་འཕེལ་བ་བྱེད་པ།

    “རྒྱུན་རྣམ་གསར་པའི”འོག“སེམས་པ་རྒྱུན་གཏན་ལྟར་ཡོད་དགོས”འདི་ལོ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་འཕར་ཚད་དམའ་རུ་བཏང་བ་དང་སྔོན་དཔག་དམིགས་ཚད་7%ཙམ་ལ་གཏན་འཁེལ་བྱས་ཡོད། དེའི་ཐད་ཀྲུང་གོ་ལྕགས་ལམ་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཨུ་ཡོན་ཧོང་ཆང་གིས“མིག་སྔར་དཔལ་འབྱོར་འཕར་བའི་མྱུར་ཚད་ལེགས་སྒྲིག་དང་། གྲུབ་ཆ་ལེགས་སྒྲིག དུས་གོང་གཏན་འཁེལ་སྲིད་ཇུས་ལག་བསྟར་བྱེད་དགོས་པ་བཅས་བྱེད་ཐབས་གསུམ་གཅིག་ཏུ་འདུས་ཡོད། 2015ལོར་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་འཕར་རྒྱུ་དེ་7%ཙམ་དུ་གཏན་འཁེལ་བྱས་པ་དེ་ཐོག་ནས‘རྒྱུན་རྣམ་གསར་པའི’འོག་གི་རྗེས་དཔག་གི་བསམ་བློ་དངོས་འབྲེལ་མངོན་ཡོད”ཅེས་གསུངས་པ་རེད།

    ཕུའུ་ཧྭ་ཡུང་ཏའོ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཀྲུའུ་ཞི་ཨུ་ཡོན་དབྱང་ཧྲའོ་ཤིན་གྱིས་དེ་ནི་ཀྲུང་གོ་སྲིད་གཞུང་གི་རང་འགུལ་བྱ་སྤྱོད་ཅིག་ཡིན་པ་དང་དེ་ཐོག་ནས་ཀྲུང་གོའི་དཔལ་འབྱོར་ལ་ངོས་འཛིན་གཏིང་ཟབ་དང་། འཐབ་ཇུས་ཀྱི་ཆོད་འདོམས། བློ་སྤོབས་ཀྱི་ཡིད་ཆེས་བཅས་མངོན་ཡོད་ཅེས་གསུངས་པ་རེད།

    ཐུན་མོང་གི་ངོས་འཛིན། “དབང་ཆ་ཡོད་ཀྱང་རང་ཤེད་བྱེད་མི་རུང”

    དབང་ཆ་འཕྲི་འཐེན་བྱས་ནས་ཁྲོམ་རའི་གསོན་ཤུགས་ཀྱི་སྒྱུར་ཐབས་བརྗེས་པ།

    “ཙུང་ལིས་དབང་ཆ་ཡོད་ཀྱང་རང་ཤེད་བྱེད་མི་རུང་ཞེས་གསུང་སྐབས་ངའི་བློ་ལ་འགོ་ཁྲིད་ལ་ལས་འགན་འཁྲི་མི་སྒྲུབ་པ་དང་རྣམ་འགྱུར་ངན་པོ་བསྟན་པ་དེ་འཆར། འོན་ཀྱང་ད་ཆ་གནས་ཚུལ་དེ་དག་འགྱུར་ལྡོག་བྱུང་ཡོད། ཙུང་ལིས་བླང་བྱ་དེ་ལྟར་བཏོན་གནང་བས། ཕྱིས་སུ་ང་ཚོ་དོན་གཅོད་པར་འགྲོ་སྐབས་སྟབས་བདེ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ཧྲན་ཏུང་ཞིང་ཆེན་ཆུས་ཕུའུ་གྲོང་ཁྱེར་ཞའོ་ཞོལ་ཁྲོམ་གཞུང་ཧའོ་ཕུང་གྲོང་ཚོའི་གྲོང་མིས་དེ་ལྟར་བཤད། ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གིས་སྲིད་འཛིན་ཞིབ་མཆན་གྱི་བྱ་བ་246མེད་པ་བཟོས་པ་དང་གཤམ་སྤྲོད་བྱས་པའི་ཐོག་དཔྱད་བསྡུར་དང་དམིགས་ཚད་ལོན་མཁན་ལ་གཟེངས་བསྟོད་བྱེད་པའི་བྱ་བ་29དང་ལས་རིགས་ཐོབ་ཐང་གི་ཆོག་འཐུས་དང་གཏན་འཁེལ་བྱ་བ་149མེད་པ་བཟོས་ཡོད། སྐབས་འདིའི་སྲིད་གཞུང་གིས་སྲིད་འཛིན་ཞིབ་མཆན་གྱི་བྱ་བ་གསུམ་ཆ་གཅིག་ཉུང་དུ་གཏོང་རྒྱུའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་ཐུབ་ཡོད། དེ་ཐོག་ནས“དབང་ཆ་ཡོད་ཀྱང་རང་ཤེད་བྱེད་མི་རུང་བའི”གནད་དོན་ལ་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་ཡོད།

    རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཨུ་ཡོན་ཡུས་ཝུན་མིན་གྱིས“དབང་ཆ་ཡོད་ཀྱང་རང་ཤེད་བྱེད་མི་རུང་བ”དེ་ནི་སྒྱུར་བཅོས་ཀྱི་འགག་རྩ་ཡིན་པ་དང་ཚིག་དེ་བཏོན་པ་དེས་ཐུན་མོང་གི་ངོས་འཛིན་ཆགས་པ་གསལ་བཤད་ཐུབ་ཡོད་ཅེས་གསུངས་པ་རེད།

    འདུན་པ། “བདེ་སྐྱིད་ཚོར་སེམས”

    དམངས་འཚོ་གཙོ་བོར་བཟུང་ནས་སྒྱུར་བཅོས་ཀྱི་ཕན་འབྲས་མངོན་པར་བྱེད་པ།

    “སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་ནི‘རྒྱུན་རྣམ་གསར་པའི’ངོ་བོ་ཡིན”ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨུ་ཡོན་ལི་ཀྲེན་ཡ་ཡིས་དེའི་ཕྱོགས་སྟོན་ནི་རྒྱལ་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། མི་སེར་གྱི“བདེ་སྐྱིད་ཚོར་སེམས”ཆེ་རུ་གཏོང་རྒྱུ། “ལས་ཞུགས་བརྟན་པོ་དང་། རིན་གོང་བརྟན་པོ། དམངས་འཚོ་འགན་ལེན་བཅས་ཞན་དུ་མི་འགྲོ་བ་བྱ་རྒྱུ”བཅས་ཡིན་པའི་ངོས་འཛིན་གནང་བ་རེད། ཅང་ཤིས་ཀན་རྫོང་ཝུའུ་ཡུན་གྲོང་རྡལ་གྱི་ཀྲེན་ཀྲང་འཐུས་མི་མིན་ཅིན་ཧྭ་ཡིས“ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀན་ནན་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱས་པར་བརྟེན་རྣམ་གྲངས་ཆེ་གྲས་ཁག་གཅིག་ལས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པར་ཕན་པ་ཐོབ་པ་དང་། ཝུའུ་ཡུན་གྲོང་རྡལ་མང་ཚོགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་བ། ལོའི་ཡོང་འབབ་སྒོར་ཁྲི་བཅུ་ལོན་མཁན་གྱི་ཁྱིམ་དུད་260ལྷག་ཙམ་ཡོད་པས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད”ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།