[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>དཔྱད་གཏམ་དང་གླེང་མོལ།
  • ཨུ་ཡོན་སྨོན་ལམ་རྡོ་རྗེས།

    བོད་ཀྱི་ལྷ་མོའི་འཁྲབ་གཞུང་སློབ་གྲྭར་སློབ་ཁྲིད་བྱས་ཚེ་དེའི་གསོན་ཤུགས་འཕེལ་ཐུབ་ཅེས་གསུངས་པ།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2015-03-15

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྨོན་ལམ་རྡོ་རྗེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་མཁན་དང་བོད་རང་སྐྱོང་ལྗོངས་རོལ་དབྱངས་མཁས་ཅན་ཚོགས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན། ཡུན་རིང་རིག་རྩལ་བྱ་གཞག་ནང་ཞུགས་ནས་གསར་རྩོམ་གནང་མཁན་ཞིག་ཡིན་པའི་ཁོང་གིས་ལོ་ལྟར་ཚོགས་འདུ་གཉིས་ལ་རིག་གནས་ཁྱབ་ཁོངས་ཐད་ཀྱི་གྲོས་གཞི་འདོན་གྱི་ཡོད། འདི་ལོ་ཁོང་གིས་བཏོན་གནང་བའི་གྲོས་གཞི་གཉིས་ནི་བོད་ཀྱི་ལྷ་མོའི་འཁྲབ་གཞུང་བོད་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་སློབ་ཁྲིད་བྱ་རྒྱུའི་སྐོར་དང་བོད་རང་སྐྱོང་ལྗོངས་མཐོ་སློབ་རང་བྱུང་ཚན་རིག་རིག་གཞུང་དུས་དེབ་འདོན་རྒྱུའི་སྐོར་ཡིན།

    2015ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཚན་ཉིད་སྤྱི་ཚོགས་ཚན་རིག་གྲ་རྒྱས་དང་འཕེལ་རྒྱས་གཏོང་རྒྱུ་དང་། རྩོམ་རིག་སྒྱུ་རྩལ་དང་། གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་གློག་བརྙན། ཡིག་ཚགས་སོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུ་བཅས་ལ་མཐོང་ཆེན་བྱེད་དགོས་པ་བཏོན་ཡོད། དོན་དེ་དག་ནི་ངས་རེ་སྒུག་བྱེད་པའི་དོན་ཤ་སྟག་ཡིན་ཞེས་སྨོན་ལམ་རྡོ་རྗེས་བཤད།

    ལོ་ངོ་སྟོང་གི་ལོ་རྒྱུས་འཕེལ་རྒྱས་ཕྱིན་པ་བརྒྱུད། བོད་མི་རིགས་ཀྱི་མེས་པོ་ཚོས་ཕུལ་བྱུང་གི་མངོན་མིན་རིག་གནས་ཤུལ་བཞག་མང་པོ་ཞིག་བཞག་ཡོད། དེ་དག་ཁྲོད་ནས་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་མོ་ནི་མཚོན་བྱེད་རང་བཞིན་ཞིག་ཡིན་པ་དང་། གླུ་གར་གྱི་རྣམ་པའི་ཐོག་ནས་རྩོམ་རིག་གི་ནང་དོན་ཕྱོགས་སུ་བསྡུས་པའི་སྒྱུ་རྩལ་ཞིག་ཡིན་ལ། དེ་ནི་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་ལོ་རྒྱུས་ཀྱི་ཤོད་རྒྱུན་བརྗོད་བྱར་བྱས་པ་ཞིག་ཡིན། 2009ལོར་བོད་ཀྱི་ལྷ་མོ་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་བྱང་ནང་བླུགས་ཡོད།

    རིག་གནས་ནི་རྒྱུན་འཛིན་བྱེད་དགོས་པ་ཞིག་ཡིན་པས་ནང་སའི་ཁྲང་ཞི་སློབ་གྲྭའི་ནང་སློབ་ཁྲིད་བྱེད་པ་དེར་དཔེ་བལྟས་ནས་བོད་ཀྱི་ལྷ་མོའི་འཁྲབ་གཞུང་སློབ་གྲྭའི་སློབ་ཁྲིད་ཀྱི་ཆ་ཤས་སུ་བྱེད་ཆོག ལྷ་མོའི་འཁྲབ་གཞུང་དེ་སློབ་གྲྭར་སློབ་ཁྲིད་བྱས་ཚེ། ལྷ་མོ་དེ་མི་རབས་ནས་མི་རབས་རྒྱུན་འཛིན་ཐུབ་རྒྱུ་དང་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་ཅེས་སྨོན་ལམ་རྡོ་རྗེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།