[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>ཚོགས་འདུའི་དོ་གནད།
  • ལམ་ལུགས་ལ་བརྟེན་ནས་གདེང་ཚོད་ཡོང་བ་བྱེད་པ་དང་། དམངས་གཙོར་བརྟེན་ནས་མི་སེམས་གཅིག་ཏུ་འགྲིལ་དགོས།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་སྒོ་ནས་བཀྲ་ཤིས་བདེ་ལེགས་ཞུ། 

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-16

    འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་། ཁྱོན་ཡོངས་སྟངས་འཛིན། དོན་ཆེན་གླེང་བ། དོན་ཆེན་དམ་འཛིན་བཅས་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ད་ཐེངས་ཀྱི་ཚོགས་ཆེན་གྱིས་དམངས་གཙོའི་དགོངས་པ་དར་སྤེལ་གང་ལེགས་གཏོང་བ་དང་བཅའ་ཁྲིམས་ཀྱི་གོ་རིམ་ལ་བརྩི་སྲུང་ནན་པོ་ཞུས་ནས་ཚོགས་ཞུགས་འཐུས་མིས“སྒོ་ཀུན་ནས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་རང་འགན་གཙང་སྒྲུབ་དང་གོང་བུ་གཅིག་ཏུ་འགྲིལ་ནས་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ལེའུ་ཞིག་སླར་ཡང་བརྩམས་པ་རེད། ད་རེས་ཀྱི་ཚོགས་འདུར་དངོས་སྒྲུབ་ནུས་ཆེ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པས་ང་ཚོས་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། 

    བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་རྒྱལ་ཁབ་ཀྱི་བྱ་གཞག་ཁག་དང་ཕྱོགས་ཁག་གི་ལས་དོན་ཚང་མར་ཡར་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་བྱུང་ལ་ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་ལས་ཁུངས་ཁག་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཡོད། འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་གང་ལེགས་བྱེད་པ་དང“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་སྤྱིའི་བླང་བྱ་དང་མངོན་གསལ་དོད་པོས་རང་འགུལ་ངང་འཚམ་པ་དང་ཁྲིད་སྟོན་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞིར་ཁྱབ་པ་བྱས་ཐོག་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་པ་དང་རེ་སྒུག་བྱེད་པ་དང་བསྟུན་ནས་གྲུབ་འབྲས་ལ་སྣང་ཆེན་བྱེད་པ་མ་ཟད། གནད་དོན་ལའང་སྣང་ཆེན་གྱིས་ཐད་ཀར་དཀའ་ངལ་དང་འགྲན་སློང་ལ་ཕྱོགས་ཏེ་ཁ་གཏད་གཅོག་ཐབས་བཀོད་སྒྲིག་བྱས་ནས་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བ་དང་ཡིད་ཆེས་ལྡབ་བརྒྱ་འཕེལ་བའི་བདེན་འཚོལ་དངོས་སྒྲུབ་ཀྱི་སྙན་སྒྲོན་ཞིག་ཡིན་པའི་ངོས་འཛིན་མཐའ་གཅིག་ཏུ་བྱས་པ་རེད། འཐུས་མི་ཚོས་རང་འགན་གཙང་སྒྲུབ་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང“ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་ཞིབ་བྱས་ཡོད། གྲོས་གཞི་ཁག་དང་། སྙན་སྒྲོན། གྲོས་འགོ་གཞན་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་བཀོད་སྒྲིག་དང་དོན་འཁྱོལ་ཐད་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དང་སྲ་ཞིང་བརྟན་པའི་རྨང་གཞི་འདིང་ཐུབ་པ་བྱུང་ཡོད། 

    ཁྲིམས་བཟོ་རྒྱུ་ནི་ཁྲིམས་ལྟར་རྒྱལ་སྐྱོང་གི་སྔོན་འགྲོ་དང་རྨང་གཞི་ཡིན་པས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པར་དང་ཐོག་ཁྲིམས་བཟོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཁྲིམས་བཟོའི་བཅའ་ཁྲིམས་བཟོ་བཅོས་ཀྱི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་ནི་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱི་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གསུམ་གཅིག་ལ་གཅིག་བརྟེན་དང་གཅིག་གྱུར་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ལག་ལེན་གསོན་པོ་ཞིག་དང་། ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་དམངས་གཙོའི་ཁྲིམས་བཟོའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གྲུབ་འབྲས་གལ་ཆེན་བཅས་ཡིན་པས་ང་ཚོས་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ་དེས་ཁྲིམས་འཛུགས་ཁྲིད་སྟོན་དང་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ནས་སྒྱུར་བཅོས་ཆེན་པོ་བྱེད་སྐབས་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་ཁྲིམས་འཛུགས་རང་འགུལ་ངང་སྒྱུར་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་དང་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་བཏང་སྟེ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་ཐུབ་རྒྱུར་ཡིད་ཆེས་ཡོད། 

    དམངས་གཙོ་དར་སྤེལ་བྱུང་ཚེ་དམངས་སེམས་གཅིག་ཏུ་འགྲིལ་ཐུབ། ཁྲིམས་སྐྱོང་དར་རྒྱས་བྱུང་ཚེ་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཆེན་པོར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་བྱེད་པ་ཡིན་ནའང་འདྲ། ཡང་ན་བཅའ་ཁྲིམས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་ཡིན་ནའང་འདྲ་གང་ལྟར་ཁྲིམས་ཡོད་ཀྱང་བརྩི་སྲུང་མི་བྱེད་པ་དང་། ཁྲིམས་འཛིན་ནན་པོ་མི་བྱེད་པ། ཁྲིམས་འགལ་བ་རང་དགར་འཇོག་པ་བཅས་ཀྱི་སྣང་ཚུལ་ལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་སྤྱི་དོན་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་ནུས་ལྡན་ཡོང་བ་བྱེད་པ་ཡིན་ནའང་འདྲ། ཡང་ན་དམངས་གཙོ་དར་སྤེལ་གང་ལེགས་བཏང་ནས་མི་དམངས་ཆེད་དུ་དབང་ཆ་སྤྱོད་པ་དང་། མི་དམངས་ཆེད་དུ་འགན་འཁྲི་སྒྲུབ་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས་བྱ་རྒྱུ་ཡིན་ནའང་འདྲ་གང་ལྟར་ཆབ་སྲིད་ཀྱི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་མ་བརྟན་གཏོང་དང་ཆབ་སྲིད་ནང་ཞུགས་རྒྱུ་གོ་རིམ་ལྡན་པའི་ངང་རྒྱ་ཆེར་བཏང་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་དགོས། རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱིས་ཐག་བཅད་པའི་གདམ་ག་ཚང་མ་མི་དམངས་མང་ཚོགས་ལ་བདེ་སྐྱིད་ཡོང་བ་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཡང་འབྲེལ་བ་དམ་ཟབ་ཡོད།

    བགྲང་བྱ་60ཡི་ཆར་རླུང་ཁྲོད་ཀྲུང་གོའི་སྤྱི་ཚོགས་ཀྱི་ས་རྒྱུ་གཤིན་པོའི་ཐོག་རྩ་བ་བརྟན་པོ་ཚུགས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་ནུས་པ་ཐོན་པའི་གཞི་རྩའི་ཆབ་སྲིད་ཀྱི་ལམ་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་བརྟན་དུ་གཏོང་བའི་རང་ཡིད་རང་ཆེས་ཀྱི་འབྱུང་རྩ་གལ་ཆེན་ཡིན་པའི་ར་འཕྲོད་བྱུང་ཡོད། 

    མཛེས་སྡུག་ལྡན་པའི་ཕུགས་འདུན་བཟང་པོ་ངང་གིས་གྲུབ་མི་སྲིད་པས་ཇུས་འགོད་བཟང་པོ་དེ་དངོས་སྒྲུབ་ལ་བརྟེན་ཚེ་གཞི་ནས་འབྲས་བུ་སྨིན་ཐུབ། ལམ་ལུགས་ལ་བརྟེན་ནས་རང་ཡིད་རང་ཆེས་ཡོང་བ་དང་དམངས་གཙོར་བརྟེན་ནས་མི་སེམས་འགྲིལ་དགོས་པ། འབད་འབུངས་ཡར་བརྩོན་ལ་བརྟེན་ནས་མི་སེམས་འགྲིལ་ཏེ་འབད་འབུངས་ཡར་བརྩོན་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱིས“སྒོ་ཀུན་ནས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་མི་རིགས་བསྐྱར་དར་གྱི་གཟི་བརྗིད་ཕུགས་འདུན་འགྲུབ་པར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་ལེའུ་གསར་པ་ཞིག་རྩོམ་ངེས་ལགས། 

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང) 

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།