[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>ཚོགས་འདུའི་དོ་གནད།
  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

    ​ ཡུས་ཀྲེང་ཧྲེང་ཞུགས་པ། ཨུ་ཡོན་16གིས་སྤྱི་ཚོགས་འཛུགས་སྐྱོང་དང་རིག་གནས་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ཨུ་ཡོན་16གིས་སྤྱི་ཚོགས་འཛུགས་སྐྱོང་དང་རིག་གནས་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཞུགས་པ་རེད།

    ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཏུང་ཅན་ཧྭ་དང་། དབན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཅ་རུའེ། ཆི་ཤུས་ཁྲུན། ལིའུ་ཞའོ་ཕུང་བཅས་ཡིན་ཞིང་། ཚོགས་འདུ་ཧོ་ཧོའུ་ཧྭ་ཡིས་གཙོ་སྐྱོང་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཆི་པའོ་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཚོགས་འདུར་ཞུགས་ནས་གཏམ་བཤད་གསན་པ་རེད།

    ཨུ་ཡོན་ལིའུ་ཤིན་གྱིས་རྩོམ་པ་པོ་དང་སྒྱུ་རྩལ་པའི་དད་པ་གསོ་སྐྱོང་བྱ་རྒྱུ་དེ་གལ་ཆེན་པོ་རེད་ལ་ཕུལ་བྱུང་གི་བརྩམས་ཆོས་ཐོན་རྒྱུར་འཚམ་པའི་ཕྱི་ངོས་ཀྱི་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུ་དེ་དེ་བས་གལ་ཆེན་པོ་རེད་ཅེས་གསུངས་པ་དང་། ཁོང་གིས་རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་དྲང་ཕྱོགས་ཀྱི་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ལྟད་མོ་བ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་ནས་དད་པ་ཡོད་པའི་བརྩམས་ཆོས་ལྟ་ཐུབ་པ་དང་ཀློག་ཐུབ་པ་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

    ཨུ་ཡོན་ལི་ཏུང་ཏུང་གིས་གསར་འགྱུར་དཔེ་སྐྲུན་གཏོགས་ཁོངས་ཀྱི་ཨུ་ཡོན་གྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཏེ་སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་གསར་དར་གྱི་སྨྱན་སྦྱོར་འབྲེལ་འདྲེས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས་པའི་རེ་འབོད་གནང་བ་རེད། ཁོང་གིས་ནང་དོན་ཐོན་ཁུངས་ཀྱི་པར་དབང་སྲུང་སྐྱོང་གི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། རྗེས་ལུས་ཐེབས་པའི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་གཏོང་དགོས་པ། སྨྱན་སྦྱོར་དོ་དམ་གྱི་བསམ་ཕྱོགས་དང་བྱེད་སྟངས་གསར་གཏོད་བྱེད་དགོས་པ། སྨྱན་སྦྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་སོགས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ཕུའུ་ཧུའེ་མིང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཏེ་རང་རྒྱལ་གྱི་དང་བླངས་ཞབས་ཞུའི་ལས་དོན་ལོ་བཅུ་གྲངས་འཕེལ་རྒྱས་བཏང་བ་བརྒྱུད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཀྱང་དེང་གི་དང་བླངས་ཞབས་ཞུའི་ལས་དོན་ཐད་སྤྱི་ཚོགས་ནང་ཞུགས་ཚད་མི་འདང་བ་དང་རྒྱལ་ཡོངས་རང་བཞིན་གྱི་ཁྲིམས་བཟོ་ཚད་མི་འདང་བ་སོགས་ཀྱི་གནད་དོན་ད་དུང་ཡོད་ཅེས་གསུངས་པ་དང་། ཁོང་གིས་དང་བླངས་ཞབས་ཞུའི་བཅའ་ཁྲིམས་གང་མགྱོགས་བཟོ་དགོས་པ་དང་དང་བླངས་ཞབས་ཞུའི་འགྲོ་གྲོན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སོགས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ཝུའུ་ཅང་གིས་རིག་རྩལ་གྱི་ཡང་རྩེ་དེ་འཚོ་བའི་ནང་དངོས་སུ་ཞུགས་ཐུབ་པ་དང་། བློ་གཅིག་སེམས་གཅིག་གིས་ཞིབ་འཇུག་བྱེད་ཐུབ་པ། འབད་བརྩོན་ལྷོད་མེད་བྱེད་མྱོང་བ་བཅས་ཀྱི་རང་གཤིས་ལྡན་པའི་ཆེད་ལས་མི་སྣས་ཡུན་རིང་ནང་ངལ་རྩོལ་བྱས་པ་བརྒྱུད་ཐོབ་པ་ཞིག་རེད་ཅེས་གསུངས་པ་དང་། ཁོང་གིས་ཆེད་ལས་རིག་རྩལ་འཕེལ་རྒྱས་དང་དོ་དམ་གྱི་སྲིད་ཇུས་ལ་བརྟག་ཞིབ་གཏིང་ཟབ་བྱེད་དགོས་པ་དང་། རིག་གནས་གཙོ་གཉེར་སྡེ་ཚན་གྱིས་དོ་དམ་བྱེད་མི་དགོས་པའི་ཞིབ་མཆན་དབང་ཆ་གཤམ་སྤྲོད་བྱེད་དགོས་པ། ཆེད་ལས་རིག་རྩལ་ཚན་པའི་འགོ་ཁྲིད་ཚན་ཁག་ལེགས་འདེམས་ལེགས་བསྐོ་བྱེད་དགོས་པ་སོགས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་མ་ཏེ་ཤེའུ་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ལྷན་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཏེ་ཤང་གྲོང་གི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བར་ངེས་པར་དུ་རྩ་བ་ཡིན་པའི་ཤང་གྲོང་དགེ་རྒན་དམ་པོར་འཛིན་དགོས་ཞེས་གསུངས་པ་དང་ཁོང་གིས་རིམ་ཁག་སྲིད་གཞུང་གིས་ཤང་གྲོང་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་ཚད་བརྒལ་བྱེད་སར་བརྩིས་ནས་ཆེས་ཉམས་ཞན་གྱི་གསར་བརྗེའི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ། གླིང་ཕྲན་ས་ཁུལ་བཅས་ནས་འགོ་བཙུགས་དགོས་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་ཤང་གྲོང་དགེ་རྒན་གྱིས“གཤམ་དུ་སྐྱོད་པ་དང་། སེམས་གནས་ཐུབ་པ། སློབ་ཁྲིད་ཡག་པོ་བྱེད་ཐུབ་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་གང་མགྱོགས་ཆགས་པ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ཏུའུ་དབྱིང་གིས་མི་རིགས་ས་ཁུལ་གྱི་ལས་ཞུགས་ལས་དོན་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་དང་། མཐའ་མཚམས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་དང་འབྲེལ་བ་ཡོད་ཅེས་གསུངས་པ་དང་ཁོང་གིས་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ལས་ཞུགས་ལས་གནས་དེ་བས་མང་དུ་གཏོང་དགོས་པ་དང་། ཤར་ནུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཐོན་ལས་དང་ངལ་ནུས“གཉིས་ཀ་གཞན་སྒྱུར”བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། ཁེ་ལས་ཀྱི་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་སེམས་ཆེ་རུ་བཏང་ནས་ས་གནས་དེ་ག་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་ངལ་ནུས་ལས་ཞུགས་ཐུབ་པ་བྱེད་དགོས་པ་སོགས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ལི་ཧྲི་མིང་གིས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཏེ་བདེ་འཇགས་ཀྱི་ལས་དོན་ལ་སྲིད་གཞུང་གིས་སེམས་ནུས་མང་ཤོས་འདོན་པ་དང་། ཁེ་ལས་ཀྱིས་སེམས་ཁྲལ་ཆེ་ཤོས་བྱེད་པ། འགོ་ཁྲིད་ཀྱིས་སེམས་ཁྲལ་ཆེ་ཤོས་བྱེད་པ། སྤྱི་དམངས་ཀྱིས་སེམས་ཁྲལ་ཆེ་ཤོས་བྱེད་པ་བཅས་ཀྱི་སྤྱི་ཚོགས་ཀྱི་དོ་གནད་དུ་གྱུར་ཡོད་ཅེས་གསུངས་པ་དང་ཁོང་གིས་བདེ་འཇགས་ཀྱི་དམར་ཐིག་བརྟན་དུ་གཏོང་བའི་ཐད་བདེ་འཇགས་ལས་དོན་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱེད་དགོས་པ་དང་། བདེ་འཇགས་ཀྱི་ཁྲིམས་བཟོ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཁྲིམས་འཛིན་ནན་པོ་བྱེད་དགོས་པ། དམངས་ཡོངས་ཀྱི་བདེ་འཇགས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་གྲོས་འགོ་4བཏོན་གནང་བ་རེད།

    ཨུ་ཡོན་པེན་ཅིན་ཕིང་གིས་ཨུ་ཡོན་9ཡི་ཚབ་ཞུས་ནས་མཉམ་འབྲེལ་གཏམ་བཤད་སྤེལ་ཏེ་ཉེ་བའི་ལོ་ཤས་རིང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཡིན་པའི་གནའ་གྲོང་སྲུང་སྐྱོབ་དེ་འགག་རྩའི་དུས་མཚམས་སུ་སླེབས་ཡོད་ཅེས་གསུངས་པ་དང་ཁོང་གིས་སྲོལ་རྒྱུན་གྱི་གྲོང་ཚོ་སྲུང་སྐྱོབ་བྱ་རྒྱུ་དེ་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་དང་སྤྱི་འདོམས་འདུ་སྒྲིལ་དང་གཅིག་གྱུར་འཆར་འགོད་བྱེད་དགོས། མིག་སྔར་འཕྲལ་དུ་སྒྲུབ་དགོས་པ་ནི་བཤིག་གྲངས་མང་བ་དང་སྐྲུན་གྲངས་མང་བའི་གསར་སྤེལ་རང་བཞིན་གྱི་གཏོར་བཤིག་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དེ་རེད་ཅེས་གྲོས་འགོ་བཏོན་གནང་བ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་། ཧན་ཆི་ཏེ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ལིན་ཝུན་དབྱི། ལོ་ཕུའུ་ཧོ། ཀྲང་ཆིང་ལི། ལི་ཧའེ་ཕུང་། ཁྲེན་ཡོན། ཀྲོའུ་ཞའོ་ཁྲོན། ཝང་ཀྲེང་ཝུའེ། མ་པེའོ། ཁྲེན་ཞའོ་ཀོང་། མ་ཕེ་ཧྭ། ཝང་ཆིན་མིང་བཅས་ཚོགས་འདུར་ཞུགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།