[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>ཆེད་དོན་བཅར་འདྲི།
  • འཐུས་མི་ཀྲང་ཀྲེ་ཡུང་གིས་གསུངས་དོན།

    ​ རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གང་མགྱོགས་བྱེད་དགོས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-16

    མཐོ་རྒྱུགས་སྒྱུར་བཅོས་ལས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་མ་བྱས་ཚེ་སྒྱུར་བཅོས་ཕྱེད་ཀ་ལས་མ་བྱས་པ་དང་གཅིག་པ་རེད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲན་ཏུང་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཀྲེ་ཡུང་གིས་གསུངས་པ་དང་། ཁོང་གིས་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལག་བསྟར་བསམ་འཆར་གང་མགྱོགས་བཟོས་ཏེ་སྒྱུར་བཅོས་ཚོད་ལྟ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཀྲང་ཀྲེ་ཡུང་གིས“འཐབ་ཇུས་མཐོ་ཚད་ཐད་ནས་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་མགྱོགས་མྱུར་མ་བྱས་ཚེ།2020ལོར་སླེབས་སྐབས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་སློབ་གསོའི་ཡིག་རྒྱུགས་ཀྱི་སློབ་བསྡུའི་ལམ་ལུགས་གཞི་རྩའི་ཆ་ནས་བསྐྲུན་ཚར་བ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་ཤུགས་རྐྱེན་ཐེབས་སྲིད”ཅེས་གསུངས་པ་རེད།

    ཀྲང་ཀྲེ་ཡུང་གིས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཡིག་རྒྱུགས་སློབ་བསྡུའི་སྒྲིག་གཞིར་གནད་དོན་གསུམ་ཡོད་པ་སྟེ། གཅིག་ནི་སྲིད་གཞུང་གིས་འགན་གཙང་ལེན་པ་དེ་ཡིན། ཡིག་རྒྱུགས་སློབ་བསྡུའི་སྲིད་ཇུས་དང་ཡིག་རྒྱུགས་སྒྲིག་འཛུགས་ལག་བསྟར་ནས་མཐོ་སློབ་ཀྱི་ཞིབ་ཕྲའི་སློབ་བསྡུའི་བར་སྤྱིར་ན་ཚང་མ་ཞིང་ཆེན་རིམ་པའི་སློབ་བསྡུའི་ཡིག་རྒྱུགས་སྒྲིག་གཞིས་འགན་འཁུར་ཀྱི་ཡོད་པ་དང་། གཉིས་ནི་མཐོ་སློབ་ལ་སློབ་བསྡུའི་རང་བདག་དབང་ཆ་མེད་པ་དེ་ཡིན། སློབ་མ་བསྡུ་བའི་ཚད་གཞི་དང་། བསྡུ་བའི་ཁག་ཐེངས། སྐར་གྲངས་ཀྱི་ཚད་གཞི་བཅས་ནས་ཞིབ་ཕྲའི་སློབ་བསྡུའི་བར་མཐོ་སློབ་ལ་སྤྱིར་ན་སྐད་ཆ་ཤོད་དབང་མེད་པར་བརྟེན་ཞིང་ཆེན་རིམ་པའི་ཡིག་རྒྱུགས་སྒྲིག་གཞིས་ཁག་ཐེངས་དང་སྐར་གྲངས་བང་སྒྲིག་གི་རྩ་དོན་ལྟར་སློབ་གྲྭར་སློབ་མ་མང་པོ་སྡེབ་གཅིག་ཏུ་སྐྱེལ་བ་ཚང་མ་བསྡུ་ལེན་བྱེད་རྒྱུ་ལས་མ་འདས་པ། གསུམ་ནི་སྤྱི་ཚོགས་ལྟ་སྐུལ་ནང་ཞུགས་པའི་བགྲོད་ལམ་ཤར་གཏོང་མེད་པ་དེ་ཡིན། ལྷག་པར་དུ་སྣ་ཁ་མང་བའི་སྐར་སྣོན་བསྡུ་ལེན་སྲིད་ཇུས་དང་རང་བརྟེན་སློབ་བསྡུའི་སྲིད་ཇུས་ལག་བསྟར་བྱས་རྗེས་སློབ་བསྡུའི་ཚད་གཞི་དང་། ལས་རིམ། བརྒྱུད་རིམ་བཅས་ཀྱི་ཆ་འཕྲིན་དེ་ཙམ་ཡོངས་བསྒྲགས་མེད་ཅེས་གསུངས་པ་རེད།     

    ཀྲང་ཀྲེ་ཡུང་གིས་མཐོ་སློབ་ལ་སློབ་བསྡུའི་རང་བདག་དབང་ཆ་སྤྲད་དེ་མཐོ་སློབ་ཁག་རང་ཉིད་ཀྱིས་སློབ་བསྡུའི་སྒྲིག་ཡིག་བཟོས་ནས་སློབ་བསྡུའི་འཆར་གཞི་གཏན་འཁེལ་དང་། སློབ་གྲྭའི་སློབ་གཉེར་ཁ་ཕྱོགས་དང་ཁྱད་ཆོས་ལ་གཞིགས་ཏེ་སློབ་བསྡུའི་ཡིག་རྒྱུགས་གཏོང་ཐབས་དང་། སློབ་བསྡུའི་ཚད་གཞི། སློབ་བསྡུའི་བརྒྱུད་རིམ། སློབ་བསྡུའི་བྱ་ཐབས་སོགས་གཏན་འཁེལ། སློབ་གྲྭའམ་ཡང་ན་སློབ་གླིང་དང་ཚན་ཁག་ཁག་གི་སློབ་བསྡུའི་སྐར་གྲངས་ཚད་གཞི་དང་སློབ་གྲྭའི་སློབ་གཉེར་ཁ་ཕྱོགས་དང་འཚམ་པའི་དམིགས་བསལ་སློབ་མ་བསྡུ་བའི་བྱ་ཐབས་རང་བརྟེན་ངང་བཟོ་བ་བཅས་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་འདྲ་མཉམ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།