[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>ཆེད་དོན་བཅར་འདྲི།
  • འཐུས་མི་མིང་ཧྲེང་གིས།

    “རྒྱལ་ཁབ་ཀུན་སྤྱོད་ཨུ་ཡོན་ལྷན་ཁང”འཛུགས་དགོས་པའི་གྲོས་འགོ་བཏོན་པ།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2015-03-16

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ནང་ངོས་ནས་བརྗོད་ན་བསམ་པའི་དོན་གཉེར་ཞིག་དང་ཕྱི་ངོས་ནས་བལྟས་ན་བྱ་སྤྱོད་ངོ་མ་ཞིག་ཡིན་པས་ཀུན་སྤྱོད་ཤེས་པ་དང་། སྤྱི་པའི་སྤྱོད་བཟང་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་པ་བཅས་བྱེད་ཐུབ་པ་བྱེད་དགོས། ཀུན་སྤྱོད་ཀྱི་སྣོད་བཅུད་ཆུ་ཚད་དེ་སྤྱི་ཚོགས་འཕེལ་རྒྱས་དང་འཚོ་བའི་སྤུས་ཚད་ལ་ཚད་འཇལ་ཆས་ཤིག་ཡིན་པས། GDPདང་འདྲ་བར་དེང་རབས་ཅན་འཛུགས་སྐྲུན་གྱི་ཚད་འཛིན་སའི་དམིགས་ཚད་ལ་འགྱུར་བ་གཏོང་དགོས་ཞེས་གསུངས་ཡོད། གཏམ་བཤད་དེ་མདོར་བསྡུས་ནས་བརྗོད་ན། སྲིད་གཞུང་གིས་སྤྱི་པའི་ཐབས་ཇུས་དང་སྤྱི་པའི་དོ་དམ་གྱི་ཀུན་སྤྱོད་ཕན་ནུས་ལ་བསམ་གཞིག་ནན་ཏན་བྱེད་དགོས་ཞེས་པ་དེ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འགོ་ཁྲིད་འོག“རྒྱལ་ཁབ་ཀུན་སྤྱོད་ཨུ་ཡོན་ལྷན་ཁང”འཛུགས་དགོས་པའི་གྲོས་འགོ་བཏོན་པ་དེ་ནི་རྒྱལ་ཁབ་ཀྱི་ངོས་ནས་ནན་ལ་ཞིབ་ཚགས་པའི་ཚད་གཞི་བཟོས་ཏེ་ཚན་རིག་དང་མཐུན་ཞིང་གཟབ་ནན་དང་། བཀོལ་སྤྱོད་བདེ་བ། སྒུལ་ཚུལ་རང་བཞིན་ཆེ་བ་བཅས་ཀྱི་ཁྱོན་ཡོངས་དང་མ་ལག་ཚང་བའི་ཀུན་སྤྱོད་ཀྱི་ཚད་གཞིའི་མ་ལག་ཅིག་ཆགས་པ་བྱེད་དགོས། རྒྱལ་ཁབ་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་གཙོ་བོ་ཕྱོགས་བཞིའི་ཐད་གཅིག་སྡུད་བྱས་ཡོད་པ་སྟེ། གཅིག་ནི་རྒྱལ་ཁབ་ཀྱི་ཀུན་སྤྱོད་སྣང་ཚུལ་ལ་ཞིབ་འཇུག་བྱ་རྒྱུ་སྟེ། སྤྱི་ཚོགས་ཚོགས་སྤྱི་ཁག་གི་ད་ལྟའི་ཀུན་སྤྱོད་ཀྱི་སྣང་ཚུལ་ལ་ཞིབ་འཇུག་དང་ལྷག་པའི་ཀུན་སྤྱོད་གནད་དོན་དང་དེ་བཞིན་དེ་ཐག་གཅོད་བྱ་ཐབས་ཡིན་པ་དང་། གཉིས་ནི་ཀུན་སྤྱོད་ཀྱི་ཚད་གཞི་བཟོས་ནས“ལས་གཉེར”དེར་གཞི་འཛིན་ས་མཁོ་འདོན་བྱེད་དགོས་པ་མ་ཟད། ཀུན་སྤྱོད་སློབ་གསོའི་བྱེད་སྒོ་སྤེལ་བ་དང་དཔེ་མཚོན་ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་རྒྱུ་ཡིན་པ། གསུམ་ནི་སྤྱི་ཚོགས་ཚོགས་སྤྱི་ཁག་དང་ལྷག་པར་དུ་དཔོན་རིགས་ཚོགས་སྤྱིའི་ཁྲོད་གནས་པའི་ཚུལ་མིན་གྱི་སྤྱོད་ཚུལ་ལ་བརྟག་དཔྱད་བྱེད་པ་མ་ཟད། དཔྱད་སྡོམ་བསམ་འཆར་འདོན་པ། བཞི་ནི་ཚུལ་མིན་སྤྱོད་ཚུལ་ལ་གཅུན་འདོམས་སམ་ཡང་ན་འབྲེལ་ཡོད་རྩ་འཛུགས་དང་ཚན་པར་གཅུན་འདོམས་ཀྱི་བསམ་འཆར་འདོན་པ་བཅས་རེད།

    རྒྱལ་ཁབ་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནི་གཏན་ཚིགས་རིག་པའི་རིགས་གཅིག་མཁས་པ་དང་མཁས་དབང་དང་རྒྱ་ཁྱབ་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་ཀུན་སྤྱོད་བཟང་བའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་འགན་ཁུར་དགོས་པ་དང་། རྒྱལ་ཁབ་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་གི་སྤྱི་འདོམས་མཐུན་སྤྱོར་དང་སྤྱི་ཁོག་འགོ་ཁྲིད་འོག་ཞིང་ཆེན་ཁག་དང་ལས་རིགས་ཚང་མའི་ནང་དེ་མཚུངས་ཀྱི་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་བཙུགས་ནས་ཀུན་སྤྱོད་བཟང་པོ་དེ་སྤྱི་ཚོགས་ཡོངས་སུ་དར་སྲོལ་ཞིག་དང་། ཁྱིམ་ཚང་ཀུན་གྱིས་ཤེས་པ། མི་ཚང་མས་ཤེས་པ། རྣ་བར་འཇགས་པ། མི་སེམས་སུ་ཟུག་པ་བཅས་བྱས་ནས་མི་ཚང་མས་ཀུན་སྤྱོད་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་བརྩི་མཐོང་། ཀུན་སྤྱོད་སྲུང་བ་བཅས་ཀྱི་འཚོ་བ་ཡོང་རེ་དང་དོན་གཉེར་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།