[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>ཆེད་དོན་བཅར་འདྲི།
  • བོད་རང་སྐྱོང་ལྗོངས་མཚོ་སྣ་རྫོང་སྲིད་གཞུང་གཞུང་དོན་ཁང་གི་ཨུ་ཡོན་ཚེ་སྒྲོལ(མོན་པ་རིགས)གྱིས།

    བོད་རིགས་ས་ཁུལ་དུ“མཛེས་པའི་གྲོང་གསེབ” འཕེལ་རྒྱས་གཏོང་རྒྱུའི་རེ་བ་བྱེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-15

    ངའི་ཕ་ཡུལ་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་ལེགས་པོ་མོན་པ་མི་རིགས་ཤང་ནི་ཡུལ་ལྗོངས་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡོད་མོད། འོན་ཀྱང་ས་ཆ་གཟར་བབ་ཡོད་སར་གནས་པ་དང་། ལོ་འཁོར་མོར་ཆར་པ་མང་པོ་བབས་པ། མ་དངུལ་ཁ་ཐང་བ་སོགས་ཀྱིས་རྐྱེན་པས་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་བཞའ་ཚན་ཆེ་སྟབས་ཡུལ་སྐོར་བ་ཡོང་ཡང་ཞག་སྡོད་བྱེད་ཐབས་བྲལ་བ་དང་མང་ཚོགས་ཡང་ཕྱུག་པོ་ཆགས་ཐུབ་ཀྱི་མེད་ཅེས་ཨུ་ཡོན་ཚེ་སྒྲོལ་གྱིས་བརྗོད།

    འདི་ལོ་ལེགས་པོ་མོན་པ་མི་རིགས་ཤང་གི་མང་ཚོགས་ཀྱིས་རེ་བ་ནན་པོ་བཏོན་པ་གཞིར་བཟུང་མཚོ་སྣ་རྫོང་གིས“སྲིད་གཞུང་གིས་མ་འཇོག་བྱེད་པ་དང་། མང་ཚོགས་ཀྱིས་རང་གྲབས་བྱེད་པ། དངུལ་ཁང་གིས་དངུལ་བུན་གཏོང་བ”བཅས་ཀྱི་བྱ་ཐབས་སྤྱད་དེ་མོན་པ་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་བྱས་ཡོད། ངས་བརྟག་ཞིབ་བྱས་པ་བརྒྱུད“མཛེས་པའི་གྲོང་གསེབ”བསྐྲུན་རྒྱུའི་གྲོས་གཞི་བཏོན་ཡོད། ངས་རྩིས་ཤིག་བརྒྱབ་པ་ཡིན། གྲོང་སྡེ་བསྐྲུན་ཚར་རྗེས་ཡུལ་སྐོར་བྱེད་མང་བའི་དུས་སུ་ཟླ་རེར་མི་2000ཡོང་བར་ཆ་བཞག་ན་ཞག་སྡོད་རིན་པ་དང་ཟས་གྲོན་དང་དེ་བཞིན་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཇ་ལོ་དང་། སྲོ་ལོ་སྔོན་པོ། མོན་པའི་ཤིང་ཕོར་ཉོ་བ་སོགས་བསྡོམས་ན་དུད་ཚང་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་18000ཟིན་གྱི་འདུག གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་དང“ཞིང་ཁྱིམ་སྤྲོ་ཁང”གིས་མང་ཚོགས་ལ་དེ་བས་ལེགས་པའི་འཚོ་བ་སྐྲུན་ཐུབ་རྒྱུ་རེད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།