[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>ཆེད་དོན་བཅར་འདྲི།
  • ཨུ་ཡོན་བློ་བཟང་བསམ་གཏན་གྱིས།

    མངའ་རིས་ཀྱི་ཁོར་ཡུག་སྲུང་སྐྱོང་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-12

    0312dt4.jpg

    ཨུ་ཡོན་བློ་བཟང་བསམ།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་བསམ་གཏན་གྱིས“རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ང་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མངགས་བཅོལ་ཟབ་མོ་སེམས་ལ་བཅངས་ཏེ་ཚོགས་འདུ་གཉིས་ལ་ཞུགས་ཡོད་པས་འཐུས་མིས་ངེས་པར་དུ་མི་དམངས་ཀྱི་བསམ་ཚུལ་བཤད་དེ་དམངས་ཆེད་འགན་འཁྲི་སྒྲུབ་ལུགས་གང་ལེགས་མཚོན་པར་བྱེད་དགོས”ཞེས་གསུངས།

    བློ་བཟང་བསམ་གཏན་གྱིས་མངའ་རིས་ས་ཁུལ་ནི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་དུ་གཏོགས་ཤིང་། སྲུང་སྐྱོང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་16.4ཟིན་ནས་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་ཧྲིལ་པོའི་རྒྱ་ཁྱོན་གྱི་55%བཟུང་བ་དང་སྲུང་སྐྱོང་ཁུལ་ནང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ལོ་མང་རིང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་མཁན་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ནད་ཡམས་ལྟ་སྐུལ་ཚོད་འཛིན་པ་ཉུང་བར་བརྟེན་ཁྱོན་ཡོངས་ལ་ཁྱབ་ཐུབ་མེད་པས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་ཧ་ཅང་ཁག་ཏུ་ཕྱིན་ཡོད་ཅེས་གསུངས།

    བློ་བཟང་བསམ་གཏན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་སྣོད་བཅུད་ནུས་པའི་རྫོང་དུ་གཏོང་སྤྲོད་སྤོ་སྒྱུར་དངུལ་གྲངས་མང་དུ་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། བདག་ཏུ་མ་བཟུང་བའི་རྩ་ཆེའི་སྲོག་ཆགས་སྲུང་སྐྱོང་གི་ཆེད་དངུལ་བཏང་སྟེ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། གླ་ཕོགས་མཐོ་རུ་གཏོང་བ། དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱེད་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་རྔོན་རྒྱག་མཁན་གྱི་ཁྲིམས་འགལ་བར་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་ཞིང་འབྲོག་པར་གནོད་འཚེ་བཟོས་པར་ཁ་གསབ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་བ། ནགས་ཚལ་སྤྱི་བདེ་དང་ནགས་ལས་སྡེ་ཚན་གྱི་ལས་འགན་ཁ་གསལ་བཟོ་བ་དང་ནགས་ཚལ་སྤྱི་བདེའི་གླ་ཕོགས་ལྗོངས་ནོར་སྲིད་ཀྱི་སྔོན་རྩིས་ནང་བཅུག་པ། བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་དང་། ཤིན་ཅང་ཨའར་ཆིང་ཧྲན་སྲུང་སྐྱོང་ཁུལ། མཚོ་སྔོན་ཁུ་ཁུ་ཤིས་རི་སྲུང་སྐྱོང་ཁུལ་བཅས་དབར་གྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་འཛིན་གཞོགས་འདེགས་བྱེད་པ་དང་ལས་ཀ་འབྲེལ་གཏུག་གི་མཐུན་སྦྱོར་ལམ་སྲོལ་འཛུགས་པ། ཁོར་ཡུག་སྲུང་སྐྱོང་ཚན་ཞིབ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།