[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>ཆེད་དོན་བཅར་འདྲི།
  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གིས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཐད་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-11

    ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ། དཔལ་འབྱོར་འཕར་ཚད་འགོར་དུ་སོང་བས་ལས་ཞུགས་ཇི་ལྟར་བརྟན་དུ་གཏོང་ངམ། རྒན་གསོའི་མ་དངུལ་གྱི་གཏོང་ཡོང་ཇི་ལྟར་འགན་སྲུང་བྱེད་དམ། སྨན་བཅོས་འགན་བཅོལ་གྱི་རྒྱལ་ཡོངས་དྲ་འབྲེལ་ལ་དུས་བཅད་ཡོད་མིན་དང་། ལས་འཁྱུར་ངལ་གསོའི་དུས་ཡུན་ནར་འགྱངས་གཏོང་རྒྱུའི་སྲིད་ཇུས་དེ་ག་དུས་བཏོན་རྒྱུ་བཅས་ཀྱི་ཐད། སྤྱི་ཚེས་10ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་ཡེ་ཝེ་མིང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགོད་པའི་ཚོགས་འདུ་ཞུགས་ནས། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཕྱོགས་ནས་བཏོན་པའི་དྲི་བར་ལན་བསྐྱོན་ཡོད་པ་རེད།

    དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་འོག ལས་ཞུགས་ཀྱི་གནས་བབ་སྔར་ལས་ཛ་དྲག་ཡིན་པ་དང་། ད་ལོར་གྲོང་ཁྱེར་དང་གྲོང་རྡལ་ལ་ལས་ཞུགས་བྱེ་བ་གཅིག་ཡན་གྱི་དམིགས་འབེན་གསར་དུ་སྣོན་རྒྱུ་དེ་ལེགས་འགྲུབ་འབྱུང་མིན་ཐད། ཡེ་ཝེ་མིང་གིས་སྔར་ལས་དཀའ་ཁག་ཆེ་བའི་འབད་བརྩོན་བྱེད་དགོས། འོན་ཀྱང་དེའི་ཕྱོགས་ལ་སེམས་ཤུགས་ཡོད་ཅེས་གསུངས་འདུག

    ཡེ་ཝེ་མིང་གིས་སློབ་ཆེན་པའི་ལས་སྐྲུན་སྣེ་ཁྲིད་འཆར་གཞི་དང་སློབ་ཆེན་པའི་ལས་སྐྲུན་སྐུལ་འདེད་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱས་ཏེ་། ལས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་ལས་སྐྲུན་གྱི་མ་དངུལ་དཀའ་བའི་དཀའ་གནད་སེལ་ནས། ཀུན་གྱིས་ལས་སྐྲུན་དང་དམངས་ཀྱིས་གསར་གཏོད་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་པ་བྱེད་དགོས། དེ་དང་དུས་མཚུངས་སུ་ཐོན་ལས་ཀྱི་གྲུབ་ཆ་སྙོམས་སྒྲིག་དང་ཁ་གཏད་ཧུར་ཐག ཐོན་ནུས་ལྷག་མའི་ནང་ལས་ཤོར་འབྱུང་བའི་ཉེན་ཁ་སེལ་ནས་ལས་ཤོར་མི་སྣ་ཡང་བསྐྱར་ལས་ཞུགས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཞེས་གསུངས་ཡོད་པ་རེད།

    ཀུན་གྱིས་དོ་ཁུར་བྱེད་ཀྱི་ཡོད་པའི་ལས་འཁྱུར་ངལ་གསོའི་སྲིད་ཇུས་ནར་འགྱངས་བྱས་པར་དུས་ཚོད་ཡོད་མིན་གྱི་ཐད། ཡེ་ཝེ་མིང་གིས་ད་ལོ་འཆར་འགོད་བཟོ་ཚར་བ་དང་སང་ལོ་ཀྲུང་དབྱང་ལ་ཕུལ་ནས་མོས་མཐུན་བྱུང་རྗེས་སྤྱི་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཅིང་། གནངས་ལོ་དངོས་སུ་ཕྱིར་བཏོན་པར་བརྩོན་ལེན་བྱེད་ཀྱི་ཡོད། འཆར་འགོད་བཏོན་ནས་ཉུང་མཐའ་ཡང་ལོ་ལྔའི་རྗེས་སུ་རིམ་གྱིས་ལག་བསྟར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

    ཡེ་ཝེ་མིང་གིས་སྤྱི་ལོ་2015ལོར་ལས་བཟོ་བའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པའི་འཆར་འགོད་བཟོ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། རྒྱལ་ཡོངས་སུ་གཅིག་གྱུར་བྱས་རྗེས་རྒྱལ་ཡོངས་ནས་ཆད་ལྷག་སྙོམ་སྒྲིག་དང་ཉེན་ཁ་སེལ་ཐུབ་པ་བྱ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།