[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>ཆེད་དོན་བཅར་འདྲི།
  • སེམས་ཤུགས་གཅིག་ཏུ་བསྒྲིལ་ནས“བདེ་ཐང་ས་མཐོ”གཏོད་དགོས།

    ——རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་སྐལ་བཟང་ནོར་བུར་བཅར་འདྲི་ཞུས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-10

    0310dt4.jpg

    སྐལ་བཟང་ནོར་བུ།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐལ་བཟང་ནོར་བུ་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་གསོ་རིག་འབུམ་རམས་པ་ཞིག་རེད། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ནང་ཞུགས་པའི་སྨན་དོན་པ་ཞིག་ཡིན་པའི་ཁོང་གིས“གནམ་ས་བླ་འོག་ཏུ་འགྱུར་བ”ཞེས་པ་དཔེར་བཞག་ནས་ཉེ་བའི་ལོ་ཤས་རིང་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་བྱུང་བའི་འཕེལ་རྒྱས་དང་འགྱུར་ལྡོག་གླེང་མོད། འོན་ཏེ་སྐལ་བཟང་ནོར་བུས་གནད་དོན་དེ་འདྲ་ཞིག་བཏོན་གནང་བ་སྟེ། རྒྱལ་ཡོངས་དང་བསྡུར་ན་བོད་དུ་རང་བྱུང་ས་ཁམས་ཀྱི་ཁོར་ཡུག་ཞན་པའི་ཐོག་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ལྗོངས་ཡོངས་ཀྱི་བདེ་ཐང་དམིགས་ཚད་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དབར་ལ་ད་དུང་ཧེ་བག་ངེས་ཅན་འཛོལ་བ་དང་ད་དུང་རང་ལྗོངས་མང་ཚོགས་ཀྱི་ཆ་སྙོམས་ཚེ་ཚད་བཅིངས་འགྲོལ་མ་བཏང་གོང་གི་ལོ་35ནས་ད་ལྟའི་ལོ་67བར་མཐོ་རུ་སོང་ནའང་རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་75ཡིན་པ་དེ་ལས་སྔར་བཞིན་དམའ་བ་ཡོད་ཅེས་བསྟན་གནང་བ་དེ་རེད།

    རྒྱལ་ཁབ་ཀྱིས་2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་དགོས་པའི་འབད་འཐབ་དམིགས་ཚད་ཅིག་བཏོན་ཡོད། དམིགས་ཚད་དེར་སླེབས་པ་བྱེད་དགོས་ན་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་ནི་འཇལ་བའི་ཚད་གཞི་གལ་ཆེན་ཞིག་ཡིན་པ་པར་སྐལ་བཟང་ནོར་བུས་ངོས་འཛིན་གནང་གི་ཡོད། ཁོང་གིས“སྤྱི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་ཅིང་། སྲིད་གཞུང་ཕྱོགས་དང་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་ཕྱོགས་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་དོ་དམ་ཕྱོགས་དང་དེ་བཞིན་རྒྱ་ཆེའི་སྨན་དོན་མི་སྣ་དང་ཡང་འབྲེལ་བ་ཡོད། དེར་བརྟེན་ཕྱོགས་ཡོངས་ནས་གཏོང་ཆ་ཇེ་ཆེར་བཏང་ན་གཞི་ནས་སྤྱི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཐུབ”ཅེས་གསུངས་པ་རེད།

    ཁོང་གིས“སྨན་བཅོས་དོ་དམ་ཕྱོགས་ནས་བརྗོད་ནའང་འདྲ་ཡང་ན་ཆེད་ལས་ཕྱོགས་ནས་བརྗོད་ནའང་འདྲ་གང་ལྟར་ངས་བྱས་ན་མིག་སྔར་བོད་ཀྱིས་སྔར་བཞིན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་དང་ཚན་ཞིབ་ནུས་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག དེའང་ང་ཚོའི་ཞན་ཆ་ཞིག་ཡིན། དེ་འདྲ་བྱས་ན་ས་མཐོའི་མི་དམངས་ཀྱི་བདེ་ཐང་ལ་གནོད་པའི་ནད་རིགས་ཆེ་གྲས་འགོག་བཅོས་བྱེད་ནུས་ཆེ་རུ་ཏན་ཏིག་གཏོང་ཐུབ”ཅེས་མུ་མཐུད་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།