[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>གསར་འགྱུར་ཐོར་བུ།
  • ཚོགས་ཆེན་གཉིས་ལས་ཐོན་པའི་མིང་ཚིག་ཁག་ཅིག་གིས་ཀྲུང་གོའི་གོང་འཕེལ་ཟིན་བྲིས་སུ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-17

    མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། མཇུག་སྒྲིལ་མ་ཐག་པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་ཀུན་གྱིས་ལན་ཆ་ཆེན་པོ་བྱུང་བའི་མིང་ཚིག་ཁག་ཅིག་བྱུང་བ་དང་། དེ་ལས་མི་རྣམས་ལ་ཀྲུང་གོའི་གོང་འཕེལ་གྱི་སྒུལ་ཤུགས་དེ་མྱོང་དུ་བཅུག་ཡོད་པ་རེད།

    ཚོགས་ཆེན་གཉིས་ཀྱི་ཐོག གླ་ཕོགས་ལམ་ལུགས་བསྒྱུར་བཅོས་དང་སྤྱི་ཚོགས་འགན་བཅོལ་མ་དངུལ་ཇེ་དམའ་རུ་གཏོང་བ། སློབ་གསོའི་གཞུང་དྲང་ལ་འགན་སྲུང་བྱེད་པ་བཅས་ནི་དམངས་འཚོ་དང་འབྲེལ་བར་མ་ཟད། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་དོ་ཁུར་བྱེད་བཞིན་པའི་གཙོ་གནད་ཅིག་ཏུ་གྱུར་ཡོད། ལས་འཁྱུར་ངལ་གསོ་ནུར་འགྱངས་བྱེད་པ་དང་རྒན་གསོའི་མ་དངུལ་མཐོ་རུ་གཏོང་བ་སོགས་དམངས་འཚོའི་སྲིད་ཇུས་རབ་དང་རིམ་པ་ཁག་ལ་གྲོས་བསྡུར་བྱེད་པའི་ཁྲོད་ཐུན་མོང་ངོས་འཛིན་བྱུང་ཡོད་པ་རེད། རྩ་བའི་ཁེ་ཕན་ལ་འགན་སྲུང་དང་གཞུང་དྲང་དྲང་བདེན་མངོན་འགྱུང་ཡོང་བ། ཁོར་ཡུག་གི་སྤུས་ཚད་ལེགས་སྒྱུར་བྱེད་པ་སོགས་ཀྱིས་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་རེ་ལྟོས་བྱེད་པ་ལ་ལན་གསལ་བོ་ཞིག་བཏབ་ཡོད་པ་རེད།

    ཚོགས་ཆེན་གཉིས་ཀྱི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་པ་ཁག་གི་གྲོས་ཞིབ་ནང་ཐེངས་དྲུག་ཞུགས་པ་དང་། ཡུས་ཀུང་གི་རི་བོ་སྤོར་བའི་སྙིང་སྟོབས་བསྐྱེད་ནས་འགག་གཏོར་དམག་འཐབ་ཡག་པོ་རྒྱག་ཅེས་པ་ནས། དབུལ་སྐྱོར་བྱེད་ན་སྔོན་ལ་རིག་སྐྱོར་བྱེད་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་འགོ་རྩོམ་ས་ནས་རྗེས་ལུས་ཐེབས་སུ་འཇུག་མི་རུང་། དབུལ་ཕོངས་མི་རབས་ནས་མི་རབས་པར་གནས་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་ཅེས་པའི་བར་དང་། དེ་ནས་ཁོར་ཡུག་ནི་དམངས་འཚོ་དང་རི་ཆུ་ནི་མཛེས་སྡུག་ཡིན་ཞིང་། གནམ་སྔོན་པོའང་བདེ་སྐྱིད་ཅིག་ཡིན་ཞེས་པ། དབུལ་སྐྱོར་དང་ཞིང་གསུམ་གླེང་ཞིང་སློབ་གསོ་སྤེལ་བ་དང། ཁོར་ཡུག་ལ་སྐུལ་འདེད་གཏོང་བ་བཅས་ནི་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་རེ་ལྟོས་བྱེད་པའི་ནང་སྙིང་ཡིན། སྡོང་བོ་རུལ་བ་ཤུགས་ཀྱིས་བརྐོ་བ་དང་སྡོང་པོ་སྐྱོན་ཅན་ལ་སྨན་བཅོས་བྱེད་པ། སྡོང་པོ་འཁྱོག་པོ་ཡོ་བསྲང་བྱ་རྒྱུའི་ཆོད་སེམས་བསྒྲགས་ཤིང་ཕྱོགས་གང་ས་ནས་ལམ་ལུགས་ཀྱི་ལྕགས་དྲ་དམ་པོར་བསླ་སྟེ། མང་ཆེ་བར་ལམ་ལུགས་ཀྱིས་ཏང་བཅོས་སྐྱོང་དང་དབང་ཆ་དང་དཔོན་པོར་དོ་དམ་བྱ་རྒྱུ་བཅས་ཀྱིས་དོ་ཁུར་བྱེད་པ་ནི་གང་འདོད་སྤྱོད་ཉེན་ཡོད་པའི་དབང་ཆ་ལ་དོ་དམ་བྱ་རྒྱུ་དེ་ཡིན་པ་རེད།

    ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་དུ་གཏོང་བའི་འགག་རྩའི་ལོ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་ཚུགས་པའི་ལོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཇུས་འགོད་བྱེད་པའི་ལོ་ཡིན་པའི་ངོས་ནས་གཞིགས་ན། ང་ཚོས་ཚོགས་ཆེན་གཉིས་ཀྱི་སྐད་སྒྲ་དེར་གོ་བ་ཟབ་མོ་ལེན་ཐུབ་ཀྱི་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།