[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>གསར་འགྱུར་ཐོར་བུ།
  • ཚོགས་ཆེན་གྲོལ་རྗེས་འཐུས་མི་ཁ་ཤས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཕྱི་རོལ་དུ་སྤེལ་རེས་བྱེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-17

    153363_yis_1426481255536 副本.jpg

    ཟླ་3ཚེས་15ཉིན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་བ་རེད། “སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ཐད་ཀྲུང་གོ་བ་ཁྲི་དུང་ཕྱུར་གྱི་ཐུན་མོང་ངོས་འཛིན་གཅིག་ཏུ་འདུས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་བརྗོད་དོན་མཆོག་ཏུ་འཛིན་ཡོད་པ་རེད། འཐུས་མི་དང་ཨུ་ཡོན་ཚོ་རང་ངོས་ཀྱི་ལས་གནས་ཐོག་བསྐྱོད་དེ་ཁོང་ཚོས་ཚོགས་ཆེན་ཐོག་གཅིག་ཏུ་འདུས་པའི་དམངས་ཀྱི་བློ་གྲོས་དང་། དམངས་ཀྱི་འདོད་བློ། འཕེལ་རྒྱས་ཀྱི་དམིགས་ཚད། འཆར་གཞི་བཀོད་སྒྲིག་བཅས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་ཐད་ལེའུ་གསར་པ་མུ་མཐུད་གཏོད་རྒྱུ་ཡིན་ཞིང་། འདི་ནི་ཚོགས་ཆེན་གྲོལ་རྗེས་འཐུས་མི་ཁ་ཤས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཕྱི་རོལ་དུ་སྤེལ་རེས་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།