[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>གསར་འགྱུར་ཐོར་བུ།
  • མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་འཐུས་མི་ཧན་ཡུང་ཏུང(ས་ལར་རིགས)གིས་གོ་སྐབས་དང་བསྟུན་ནས་དར་གོས་ཚོང་ལམ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-17

    “ཁུལ་གཅིག་ལམ་གཅིག”གི་འཐབ་ཇུས་ལས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འཕྲད་པ་དང་མཚོ་སྔོན་འདི་ཉིད་ནི་གནའ་སྔ་མོ་ནས་དར་གོས་ཚོང་ལམ་གྱི་ལྷོ་ངོས་བགྲོད་ལམ་ཡིན་ཞིང་། དམིགས་བསལ་གྱི་ས་ཁམས་དང་རིག་གནས་སོགས་ཀྱི་ལེགས་ཆ་ལྡན་ཡོད། ད་ཐེངས་ཀྱི་ལོ་རྒྱུས་གོ་སྐབས་དེ་དམ་འཛིན་བྱས་ནས་མཚོ་སྔོན་དུ་ཁྱོན་ཡོངས་ནས་ཕྱི་ཕྱོཌ་སུ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་བཏོད་དེ་ནུབ་ཕྱོགས་སུ་སྒོ་མོ་འབྱེད་པའི་གོམ་སྟབས་སྤོ་ཐུབ་རེ་ཡོད། ན་ནིང་ལོ་མཇུག་ཏུ་མཚོ་སྔོན་གྱིས་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པའི་གོ་སྐབས་དམ་འཛིན་བྱས་པས་མཚོ་སྔོན་གྱི་སྒོ་དབྱེའི་ལམ་བུ་དེ་བས་བསྐྲུན་མགྱོཌ་སུ་ཕྱིན་པ་རེད།

    མིག་སྔར་མཚོ་སྔོན་གྱིས“ཁུལ་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ཞུགས་པར་དཀའ་ངལ་འགའ་ཤས་འཕྲད་པ་དེའི་ནང་ཕྱི་ཕྱོགས་འགྲིམ་འགྲུལ་ཤར་གཏོང་ཐུབ་ཚད་མི་འདང་བ་དང་། འགག་སྒོ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པ། ཕྱི་ཕྱོགས་སྒོ་དབྱེའི་ཚད་གཞི་མཐོ་པོ་མེད་པ་སོགས་ཚུད་ཡོད། ཟི་ལིང་ནས་ཁྲེང་ཏུའུ་བར་སོགས་ཀྱི་ལྕགས་ལམ་དྲ་བ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་མཚོ་སྔོན་དང་ཕྱི་ཕྱོགས་དབར་གྱི་འབྲེལ་བ་དེ་བས་སྟབས་བདེ་དང་མགྱོགས་མྱུར་ཡོང་རེ་བྱེད་ཀྱི་ཡོད། མཉེན་ཆས་ཐད་ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས་དེ་རྒྱལ་ཁབ་ཕྱི་ནང་གི་རིམ་མཐོའི་ཐོན་ལས་སྤོ་སྒྱུར་དང་ཞབས་ཞུ་སྦྲེལ་མཐུད་བྱེད་པའི་རྟེན་གཞིར་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།