[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>གསར་འགྱུར་ཐོར་བུ།
  • མེ་ཏོག་རྫོང་གི་མང་ཚོགས་ཀྱིས་རིག་གནས་སྤུས་རྟགས་བཏོན་ནས་ཡུལ་སྐོར་གྱི་ལས་དོན་གཉེར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-16

    མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་པས་མེ་ཏོག་བ་ཚོ་ཕྱིར་སྐྱོད་རྒྱུར་སྟབས་བདེ་བྱུང་བ་མ་ཟད་མང་ཚོགས་ཀྱི་བསམ་བློ་ཡང་བཅིངས་འགྲོལ་ཐོབ་པ་དང་འབྲེལ་སྒོ་མོ་འབྱེད་རྒྱ་ཡང་ཇེ་ཆེར་སོང་ཡོད་ཅེས་མོན་པ་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མེ་ཏོག་རྫོང་བདེ་ཞིང་ཤང་སྤ་སྟེང་རྩེ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་པོ་པད་མ་ཆོས་སྒྲོན་གྱིས་འདི་ལྟར་བཤད།

    འགྲིམ་འགྲུལ་སྟབས་བདེ་མེད་པ་ནི་མེ་ཏོག་བ་ཚོའི་སེམས་ནད་ཆེ་ཤོས་ཤིག་ཡིན། མེ་ཏོག་བ་རྒན་གྲས་རྣམས་ཀྱིས་རྟག་ཏུ“གྲོང་ཚོ་ནས་ཐོན་སྐབས་རྐང་ཐང་དུ་སྐྱོད་མི་དགོས་པ་དང་། ཤང་དུ་སྐྱོད་སྐབས་རླངས་འཁོར་བསྡད་ཐུབ་པ། རྗོང་དུ་སྐྱོད་སྐབས་རི་ཀླུང་བརྒལ་མི་དགོས་པ”བཅས་ཀྱི་བསམ་འདུན་བརྗོད་ཀྱི་ཡོད། མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་རྗེས་སྔོན་མ་ཚུ་ཚོད་11ནས་12བར་འགྲོ་དགོས་པའི་ལམ་ཐག་དེ་ད་ཆ་ཆུ་ཚོད5ཙམ་ལས་འགོར་གྱི་མེད་པས་མེ་ཏོག་བ་ཚོའི་བསམ་འདུན་དེ་ད་ཆ་མངོན་གྱུར་བྱུང་ཡོད།

    པད་མ་ཆོས་སྒྲོན་གྱིས་ན་ནིང་ནས་བཟུང་གྲོང་ཚོའི་ནང་དུ་ཕྱིར་ལས་ཀ་བྱེད་པར་སྐྱོད་མཁན་གྲོང་མི་ཇེ་མང་དུ་ཕྱིན་པ་དང་མི་རེར་ཉིན་རེར་ཉུང་ཤོས་ལའང་ཡོང་འབབ་སྒོར་200ལྷག་ཙམ་ཡོང་གི་ཡོད། སྲོལ་རྒྱུན་གྱི་མོན་པ་རིགས་ཀྱི་འཁལ་ཐག་ལ་བརྟེན་ནས་ཕྱུག་པོ་ཆགས་མཁན་ཡང་མི་ཉུང་བ་ཞིག་ཡོད་ཅེས་གསུངས།

    ངོ་སྤྲོད་བྱས་པར་གཞིགས་ན། སྤ་སྟེང་རྩེ་གྲོང་ཚོར་དུད་ཁྱིམ23དང་མི་གྲངས156ཡོད་པ་དང་། གྲོང་མི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་གཞུང་ལམ་ཤར་གཏོང་མ་ཐུབ་གོང་གི་སྒོར4000ནས་ན་ནིང་གི་སྒོར6000བར་འཕར་ཡོད། སྲིད་ཇུས་རང་བཞིན་གྱི་ཡང་སྒོ་ཕུད་ཡོང་འབབ་ཚང་མ་མོན་པ་རིགས་ཀྱིས་བཟོས་པའི་ཐོན་རྫས་ཕྱིར་ཚོང་དང་ཕྱིར་ལས་ཀར་སྐྱོད་པ་ནས་ཡོང་གི་ཡོད།

    “ང་ཚོས་ཀྲུང་དབྱང་གིས་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་ལ་ཐུགས་ཁུར་གནང་བ་ཚོར་གྱི་འདུག ན་ནིང་གྲོང་མི་ཚོས་འཁལ་ཐག་ལག་ཤེས་དང་། ཇ་ལོ་འདེབས་འཛུགས། མོན་པ་བའི་གྱོན་ཆས་ལས་སྣོན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་འགོ་ཚུགས་ཡོད། ཚང་མས་མི་རིགས་ཀྱི་རིག་གནས་སྤུས་རྟགས་གཏོད་པ་དང་སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོའི་ཕྱོགས་སུ་སྐྱོད་རྒྱུའི་ཡིད་ཆེས་ཡོད”ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།