[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས
  • ཕ་བུ་གཉིས་ཀས་ཚོགས་འདུ་གཉིས་སུ་ཞུགས་པ།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2015-03-04

    “སྤོ་བོ་ལགས་ང་ཚོའི་སློབ་ཆུང་གི་སློབ་དེབ་ཐོག་ལྷ་མོའི་སྐོར་བཤད་འདུག འོན་ཀྱང་ད་ཆ་རོལ་རྩེད་མང་པོ་དེ་འདྲ་ཡོད་པས་ལྷ་མོ་ཇི་ལྟར་བྱས་ནས་རྒྱུན་འཛིན་བྱེད་དགོས་པའི་སྐོར་ཁྱེད་ཀྱིས་གསུངས་དང”ཞེས་ཧང་ཀྲོའུ་ཞུའེ་ཅུན་སློབ་ཆུང་གི་ལོ་རིམ་དྲུག་པར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ལའེ་ཅཱ་ཆིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་རང་སྐྱོང་ལྗོངས་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྨོན་ལམ་རྡོ་རྗེར་སྐད་ཆ་འདྲི་བཞིན་དུ་དེབ་ཐོག་ཟིན་བྲིས་ནན་ཏན་རྒྱག་གི་ཡོད་པ་རེད།

    ཟླ་3ཚེས་2ཉིན་གྱི་ཕྱི་དྲོ་སྲིད་གྲོས་ཨུ་ཡོན་ཞུགས་གནས་ཀྱི་གྲས་ཤིག་ཡིན་པའི་པེ་ཅིང་ཚོགས་འདུ་ལྟེ་གནས་ཀྱིས་སྲིད་གྲོས་ཨུ་ཡོན་འབྱོར་ཐོ་འགོད་པར་བསུ་བ་ཞུ་བཞིན་ཡོད་པ་དང་ཀྲེ་ཅང་ནས་ཡོང་བའི་གྲོགས་པོ་ཆུང་ཆུང་22ཚོགས་འདུ་གཉིས་ཀྱི་གསར་འགོད་པ་ཆུང་ཆུང་བྱས་ནས་ཁོང་ཚོའི་ཚོགས་འདུ་གཉིས་ཀྱི་བཅར་འདྲི་བྱེད་འགོ་ཚུགས་པ་རེད། སྟབས་འཁེལ་བ་ཞིག་ལ་ལའེ་ཅཱ་ཆི་ཡི་ཕ་ལའེ་ཧུའེ་ནེང་ཡང་ཚོགས་འདུ་གཉིས་ཀྱི་གནས་ཚུལ་སྤེལ་མཁན་གྱི་གསར་འགོད་པ་ཡིན་པ་རེད། ལའེ་ཧུའེ་ནེང་ནི《བདེན་འཚོལ》དུས་དེབ་ཁང་གི་ཡན་ལག་དུས་དེབ《འབྱོར་འབྲིང》དུས་དེབ་ཀྱི་ཧྲེ་ཀྲང་གཞོན་པ་ཡིན་ཞིང་། དེ་གོང་ཁོང་ལས་རོགས་ཚོ་དང་མཉམ་དུ་ཚོགས་འདུ་གཉིས་ཀྱི་གནས་ཚུལ་སྤེལ་བའི་ཇུས་གཞི་དང་དེ་བཞིན་ཇུས་འགོད་བྱེད་རྩིས་ཡོད་པ་དང་རང་ཉིད་ཀྱི་ཕྲུ་གུ་ཡང་ཚོགས་འདུ་གཉིས་ནང་ཞུགས་པ་བསམ་ཡུལ་ལས་འདས་པ་ཞིག་རེད། “ཕ་ལས་ཀ་བྲེལ་བརྩོན་ཆེ་བས་བདག་ལ་ཁོང་འཕྲད་མ་བྱུང་། འོན་ཀྱང་འདེམས་སྒྲུག་བྱས་པ་བརྒྱུད་བདག་ཀྱང་ཚོགས་འདུ་གཉིས་སུ་ཞུགས་རྒྱུ་བྱུང་བས་ཕ་དང་མཉམ་དུ་འཕྲིན་སྤེལ་བྱེད་ཆོག་གི་རེད”ཅེས་ལའེ་ཅཱ་ཆིས་བཤད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལའེ་ཅཱ་ཆི་དང་འདྲ་བའི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་བཅར་འདྲི་བྱེད་མཁན་གསར་འགོད་པ་ཆུང་ཆུང་22ནི་ཀྲེ་ཅང་སྡེ་ཚོགས་ཞིང་ཨུད་ཁོངས་གཏོགས་ཀྱི་གཞོན་ནུའི་སྐབས་བསྟུན་ཚགས་པར་གྱིས་ཀྲེ་ཅང་གི་སློབ་ཆུང་སློབ་མ་ཁྲི་2ཙམ་ནང་ནས་རིམ་བཞིན་འདེམས་སྒྲུག་བྱས་པ་ཞིག་ཡིན་ཞིང་། ཁོང་ཚོ་ཚང་མ་ནི་ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་སློབ་མ་ཡིན་ལ་ཁ་སོ་འཕེར་པོ་དང་། གཏན་ཚིགས་དང་མཐུན་པའི་བསམ་བློ་གཏོང་མཁས་པ། ལྟ་ཞིབ་བྱེད་ནུས་ཆེ་བ་བཅས་ཀྱི་ལེགས་ཆ་ལྡན་ཡོད་པ་རེད། ཁོང་ཚོས“གཞོན་ནུའི་སྐབས་བསྟུན་ཚགས་པར”ཞེས་འཁོད་པའི་སྟོད་ཀོར་དམར་པོ་གྱོན་ཡོད་པས་མི་ཚོགས་འཕྲོད་མངོན་གསལ་དོད་པོ་ཞིག་ཡོད་པ་རེད།

    148957_yis_1425357375485.jpg

    འདི་ནི་ལའེ་ཅཱ་ཆིས(གཡོན་གྱི་གསུམ་པ)ཕྲུ་གུ་གསུམ་དང་མཉམ་དུ་ལྷ་མོ་རྒྱུན་འཛིན་ཇི་ལྟར་བྱེད་པའི་ཐད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་རང་སྐྱོང་ལྗོངས་རོལ་དབྱངས་མཁས་པའི་མཐུན་ཚོགས་ཀྱི་འགན་འཛིན་སྨོན་ལམ་རྡོ་རྗེར་བཅར་འདྲི་བྱེད་བཞིན་ཡོད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།