[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས
  • ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནང་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ལ་དགའ་སྐྱེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-03

    148660_yis_1425270632990.jpgའདི་ནི་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་སར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་། ཨུ་ཡོན། ཟུར་ཉན་པ་བཅས་ལ་ཕེབས་སྐྱེལ་ཞུ་བཞིན་ཡོད་པ།

    ཟླ་2ཚེས་25ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོར་དགའ་སྐྱེལ་ཞུས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཝུའུ་དབྱིང་ཅེས་ད་ཐེངས་ཀྱི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་ཏང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྟོབས་ཤུགས་ཆེར་བསྐྱེད་ཀྱིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་འཛུགས་ལོ་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཚང་མས་ངེས་པར་དུ་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཤུགས་ཆེར་གཏོང་བ་དང་ཏང་དང་། རྒྱལ་ཁབ།

    མི་དམངས་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་འཛིན་སྟངས་དང་བདག་པོའི་འདུ་ཤེས་ཟབ་མོའི་ཐོག་ནས་སེམས་ཤུགས་གཅིག་སྡུད་ཀྱིས་ཚོགས་འདུ་ཡག་པོ་ཚོགས་པ་དང་འགན་འཁྲི་ཧུར་ཐག་དང་རང་འགུལ་ངང་ལག་བསྟར་བྱས་ཐོག་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་དང་འབྲེལ་བའི་གནད་དོན་གལ་ཆེན་ལ་བསམ་གཞིག་གཏིང་ཟབ་བྱེད་པ་དང་། ཚོགས་འདུའི་གྲོས་བསྡུར་དང་གྲོས་ཞིབ་ཁྲོད་ཧུར་ཐག་ཞུགས་པ། ཐབས་འདོན་ཇུས་འགོད་ཧུར་ཐག་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་ལས་རིགས་ཁག་གི་མི་སྣའི་ཚབ་བྱས་ནས་རང་ཁྱིམ་རང་བདག་གི་དབང་ཆ་བེད་སྤྱོད་ཡག་པོ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་རེ་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་གཏོང་མི་རུང་ཞེས་བསྟན་གནང་བ་རེད།

    མཇུག་ཏུ་ཝུའུ་དབྱིང་ཅེས་རྒྱལ་ཡོངས་ཚོགས་འདུ་གཉིས་ཁྲོད་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོའི་གཏམ་བཤད་དང་བྱ་སྤྱོད་ཚང་མས་བོད་ཀྱི་གཟུགས་བརྙན་མཚོན་པས་ཚང་མས་རང་རྟོགས་ངང་ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”དང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང་། “བླང་བྱ་ཁག་དགུ”བཅས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཚོགས་འདུ་མ་འཚོག་གོང་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཚོགས་འདུའི་ཐོག་སྲིད་ཞུགས་སྲིད་གླེང་། ཚོགས་འདུ་འཚོགས་རྗེས་ལག་བསྟར་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཐོག་ཚོགས་འདུའི་སྒྲིག་ཁྲིམས་ནན་པོར་སྲུང་བ་དང་། མཐུན་སྒྲིལ་ཡག་པོ་བྱེད་པ། རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་བཅས་བྱས་ནས་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་གཟུགས་བརྙན་བཟང་པོ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོའུ་ཁྲུན་ལའེ་དང་བསོད་ནམས་རིག་འཛིན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། རྒྱལ་མཚན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་འཐུས་མི་ཚོགས་པར《གྲོས་འགོ》དང《གྲོས་གཞི》བརྒྱུད་སྤྲོད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།