[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015ལོའི་3.28ཆེད་སྒྲིག>གསར་འགྱུར་ལྟེ་གནས།
  • ལོ་རྒྱུས་མ་བརྗེད་པ་དང་ད་ཆར་གཅེས་སྤྲས་བྱེད།

    ​ ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་ཞུ་བའི་སྐོར་སྐྱོད་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ནག་ཆུར་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-04-13

    ཉེ་དུས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་ཞུ་བའི་རང་སྐྱོང་ལྗོངས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ནག་ཆུར་འཚོགས་ཤིང་། ནག་ཆུ་ས་ཁུལ་གྱི་འབྲོག་པའི་འཐུས་མི་དང་། དཔུང་སྡེའི་དཔོན་དམག་གི་འཐུས་མི། སློབ་མའི་འཐུས་མི། ལས་བྱེད་ལས་བཟོའི་འཐུས་མི་སོགས་སྙན་ཞུའི་ཚོགས་འདུར་ཞུགས་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག་སྒྲོག་འགྲེལ་པ་ལྔ་ཡིས་བོད་གསར་རྙིང་བསྡུར་བའི་བྱེད་ཐབས་ལ་བརྟེན་པ་དང་བབ་ཆགས་པའི་སྐད་ཆ་དང་། ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་། མི་སེམས་འགུལ་བའི་དཔེ་དྲངས་བ་བཅས་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ཚོར་བོད་རྙིང་པའི་མུན་ནག་གི་དབང་སྒྱུར་དང་གདུག་རྩུབ་ཆེ་བའི་བཤུ་གཞོག་འོག་གི་ཞིང་བྲན་གྱི་ཡ་ང་བའི་འཚོ་བའི་སྐོར་འཆད་འགྲེལ་དང་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་བོད་ལྗོངས་གསར་པའི་འཕོ་འགྱུར་ཧ་ཅང་ཆེན་པོ་དང་བདེ་སྐྱིད་ཀྱི་འཚོ་བའི་སྐོར་གླེང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 卓玛吉