[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015ལོའི་3.28ཆེད་སྒྲིག>གསར་འགྱུར་ལྟེ་གནས།
  • བོད་ལྗོངས་སློབ་ཆེན་གྱིས་ཐབས་ལམ་སྣ་ཚོགས་སྤྱད་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-31

    བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་གཟབ་རྒྱས་ཞུ་བའི་བྱེད་སྒོ་སྤེལ་རིང་བོད་ལྗོངས་སློབ་ཆེན་གྱིས་སློབ་གྲྭའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འགོ་ཁྲིད་ལ་ཤུགས་སྣོན་དང་གཅིག་གྱུར་བཀོད་སྒྲིག་དང་སྒྲིག་འཛུགས་ཞིབ་ཅིང་ཕྲ་བ་བྱས་ཏེ་སློབ་གྲྭ་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པ་དང་། ནང་དོན་ཕུན་སུམ་ཚོགས་པ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་རིམ་སྤེལ་དྲན་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

    ཟླ་3ཚེས་28ཉིན་བོད་ལྗོངས་སློབ་ཆེན་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བའི”མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། སློབ་གླིང་ཁག་དང་ཚན་པ་ཁག་གི་དགེ་རྒན་དང་སློབ་མའི་འཐུས་མི་3500ལྷག་ཙམ་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ལོ་རྒྱུས་བསྐྱར་དྲན་བྱས་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ཚུན་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་བའི་བསྟོད་གླུ་ཕུལ་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་གཏིང་ཟབ་བྱས་པས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 卓玛吉