[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>སྐབས་19པའི་་ཚང་འཛོམས་གྲོས་ཚོགས་ཐེངས4
  • ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་ལག་ལེན་གསོན་ཉམས་དོད་པོ་ཞིག

    ​ བོད་ཀྱིས་སྤྱི་ཕན་གཏུག་བཤེར་ལམ་ལུགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་ཐོག་མར་བཅུག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-13

    ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《ཁྲིམས་བཞིན་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས》དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《གཏན་འབེབས》ཐད་གནང་བའི《གསལ་བཤད》ནང་བཏོན་པའི“ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་རྒྱག་པའི་ལམ་ལུགས་འཚོལ་ཞིབ་བྱས་ཏེ་འཛུགས་དགོས་པའི”བླང་བྱ་གཞིར་བཟུང་། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་སྲུང་སྐྱོང་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་ཅིང་། དེས་ན་ཞིབ་དཔྱོད་ལས་ཁུངས་ཀྱིས་བཏོན་པའི་སྤྱི་ཕན་གཏུག་བཤེར་ལམ་ལུགས་རང་ལྗོངས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་ཐོག་མར་གསལ་པོ་བཀོད་པ་རེད།

    འདི་ལོའི་ཟླ་4པར། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་སྲུང་སྐྱོང་སྲོལ་ཡིག》གི་ཁྲིམས་འཛུགས་གོ་རིམ་ལག་ལེན་བསྟར་འགོ་ཚུགས་ཤིང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་བབ་དང་སྤྱི་ཕན་གཏུག་བཤེར་ལས་དོན་ལ་ཐོབ་པའི་ཕན་འབྲས་དང་ཟུང་འབྲེལ་བྱས་ཏེ་ཐབས་དང་ཇུས་ཧུར་ཐག་བཏོན་ནས་སྤྱི་ཕན་གཏུག་བཤེར་ལམ་ལུགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་འཇུག་པའི་ཆོག་འཐུས་རང་བཞིན་དང་ཁྲིམས་མཐུན་རང་བཞིན་ལ་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་མཐར་ཅུང་འཐུས་སྒོ་ཚང་བའི་སྲོལ་ཡིག་གི་འཆར་ཟིན་ཞིག་གྲུབ་ཡོད། 

    ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་མིག་དམར་བསྟན་འཛིན་གྱིས་སྤྱི་ཕན་གཏུག་བཤེར་ལམ་ལུགས་དེ་ཉིད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་བཅུག་པ་ནི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ལས་དོན་གྱི་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་ཐེབས་པ་མ་ཟད། ཉིང་ཁྲིའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་འགན་འཁྲི་ལག་ལེན་བསྟར་རྒྱུར་ས་གནས་ཁྲིམས་འཛུགས་ཀྱི་འདེགས་སྐྱོར་ཡང་བྱུང་སྟེ། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དེ་བས་ལེགས་པའི་ངང་སྲུང་སྐྱོང་ཐུབ་པ་དང་། ཉིང་ཁྲིའི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཐེབས་ཏེ་མི་དམངས་མང་ཚོགས་ཀྱི་རིམ་པ་མང་བ་དང་། ཁྱད་པར་ལྡན་པ། རང་སོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་ཐུབ་ནས་མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་དང་སྒྲིག་ལམ་ལྡན་པ་ཞིག་ཡོང་རྒྱུར་ཞིབ་དཔྱོད་ཀྱི་བློ་གྲོས་སྐྱེས་སུ་ཕུལ་ཡོད་ཅེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་7པར་སྤྱི་ཕན་གཏུག་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཚུན། ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་དོན་བསྒྲུབས་པ་བརྒྱུད། གཏོར་སྐྱོན་བཏང་བའི་རྨོ་ཞིང་དང་། ན་ཁ། འདམ་ར་བཅས་མུའུ་19.576སླར་གསོ་དང་། སྔོ་ཁེབས་མུའུ་28.67སླར་གསོ། ཆུ་སྙིགས་ཁུལ་མུའུ་2.5དང་གད་སྙིགས་ཏུན་84.5གཙང་སེལ་གཙང་ཕྱགས། ཚད་གཞི་མ་ལོན་པའི་ཐོན་རྫས་སྤྱི་རྒྱ་1993.6རྩ་མེད་དུ་གཏོང་བ་བཅས་ལ་ལྟ་སྐུལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་གྱི་གྱོང་གུན་སྣ་ཚོགས་སྒོར་ཁྲི་44.03བསབས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།