[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>སྐབས་19པའི་་ཚང་འཛོམས་གྲོས་ཚོགས་ཐེངས4
  • རིག་གནས་ཀྱི་གདེང་ཚོད་བརྟན་དུ་དང་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་བ།

    —— ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དྲ་རྒྱའི་དཔྱད་བརྗོད་དང་སྤྱི་ཚོགས་ལས་དོན་ཁྲུའི་ཁྲུའུ་ཀྲང་ཧུའུ་ཀྲེང་རུང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-08

    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། དར་རྒྱས། གོང་འཕེལ་བཅས་ཡོང་བ་བྱས་ནས་མི་དམངས་ཡོངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བཏོན་ཡོད། འོ་ན་རང་ལྗོངས་ཀྱིས་ལས་དོན་དེ་ཇི་ལྟར་བྱས་ནས་ཡག་པོ་སྒྲུབ་དགོས་སམ། གནད་དོན་དེར་དམིགས་ནས་གསར་འགོད་པས་ཉེ་ཆར་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དྲ་རྒྱའི་དཔྱད་བརྗོད་དང་སྤྱི་ཚོགས་ལས་དོན་ཁྲུའི་ཁྲུའུ་ཀྲང་ཧུའུ་ཀྲེང་རུང་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན།

    ཧུའུ་ཀྲེང་རུང་གིས་གསར་འགོད་པར། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་བཏང་སྟེ་ཁྱད་ལྡན་གྱི་ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ཕན་ནུས་ལ་འགྱུར་བར་བྱེད་པར་གལ་འགངས་ཆེ་ཤོས་ནི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་རིག་གནས་འཛུགས་སྐྱོང་ལ་སྤྱི་འདོམས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་བཅས་བྱེད་དགོས། དེས་མ་ཟད་སྒོ་དབྱེའི་བློ་རྒྱར་བརྟེན་ནས་མིའི་རིགས་ཀྱི་ཤེས་དཔལ་གྱི་ཕན་འབྲས་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་ཤེས་དཔལ་གྱི་ལེགས་ཆ་སྣ་ཚོགས་བསྡུ་ལེན་བྱས་ཏེ་རང་ངོས་མ་བརྗེད་པ་དང་། ཕྱི་ཕྱོགས་ནས་བསྡུ་ལེན། འབྱུང་འགྱུར་ལ་ཕྱོགས་པ་བཅས་བྱེད་དགོས་ཞེས་བརྗོད་པ་རེད།

    ཧུའུ་ཀྲེང་རུང་གིས“རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཁྱད་ལྡན་གྱི་ལམ་ལུགས་ལེགས་ཆ་བཅོས་སྐྱོང་གི་ཕན་ནུས་ལ་འགྱུར་བར་བྱེད་པར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་དྲ་རྒྱའི་བར་མཐོངས་བརྟན་པོར་བཟུང་ཐུབ་པ་བྱེད་དགོས” ཆ་འཕྲིན་ཅན་འཕེལ་རྒྱས་ཆེན་པོ་འགྲོ་བའི་ད་ཆ་དྲ་སྦྲེལ་འདི་ཉིད་འདུ་ཤེས་འཛིན་སྟངས་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོ་དང་འཐབ་ས་གཙོ་བོར་གྱུར་བས་ང་ཚོས་དྲ་སྦྲེལ་གྱི་ནང་དོན་བཟོ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་ཁྱབ་སྤེལ་གྱི་ཆོས་ཉིད་ཧུར་ཐག་སྤྱོད་པ། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ། དྲང་ནུས་བརྒྱུད་སྤེལ་བཅས་བྱས་ཏེ་དྲ་ཐོག་གི་དྲང་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྣམ་པ་ཆགས་པར་བྱས་ནས་དྲ་དམངས་ལ་ཆབ་སྲིད་ཀྱི་མོས་སེམས་དང་། རིག་གནས་ཀྱི་མོས་སེམས། ལམ་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་ཆེ་རུ་འགྲོ་རྒྱུར་ཁྲིད་སྟོན་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་ཞེས་བརྗོད་པ་རེད།

    སྐྱོན་བྲལ་ཡར་ཐོན་གྱི་དྲ་རྒྱའི་རིག་གནས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། ཧུར་བརྩོན་ཡར་ཐོན་གྱི་གསར་བརྗེའི་རིག་གནས། སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དྲ་ཐོག་ཏུ་ཁྱབ་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཀུན་སྤྱོད་ཀྱི་བློ་འགུགས་ནུས་པ་འདོན་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྱི་ཕན་འབྲས་ལ་བརྟེན་ནས་མི་སེམས་གསོ་བ་དང་སྤྱི་ཚོགས་ལ་ཕན་པ་སྐྲུན་དགོས། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། དྲ་རྒྱའི་བར་མཐོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་འགན་འཁྲི་ཁུར་སེམས་ཆེ་རུ་བཏང་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཐོག་མཐའ་བར་གསུམ་དུ་ཐུབ་པ་བྱེད་དགོས།

    དུས་རབས་གསར་པར་འབད་འབུངས་ཀྱིས། རྒྱང་སྐྱོད་ལམ་བུ་གསར་པ་གཏོད། “ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་བླངས་ནས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཐད་ཤུགས་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཚན་རིག་དང་མཐུན་པའི་ནང་དོན་དང་། ངོ་བོའི་བླང་བྱ། མངོན་གསལ་དོད་པའི་ལེགས་ཆ་བཅས་ཤེས་རྟོགས་གཏིང་ཟབ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། དར་རྒྱས། གོང་འཕེལ་བཅས་གཏོང་བའི་དམིགས་ཚད་ལས་འགན་དང་ལག་ལེན་གྱི་བླང་བྱ་སྟངས་འཛིན་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། སྨྱན་སྦྱོར་གསར་པའི་ལས་སྟེགས་གང་ལེགས་སྤྱད་ནས་དྲ་ཐོག་ཏུ་དྲིལ་བསྒྲགས་དང་ཁྲིད་སྟོན་མུ་མཐུད་ཡག་པོ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲ་དམངས་ལ་དྲིལ་བསྒྲགས་དང་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། སྒུལ་བདེའི་མཐའ་སྣེའི་དྲ་ཐོག་གི་ནང་དོན་བཟོ་རྒྱུར་སྣང་ཆེན་བྱེད་པ་དང་། གྲོས་འགོ་འདོན་རྒྱུར་ཤུགས་སྣོན་རྒྱག་པ། ནང་དོན་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤུས་ལེགས་ཀྱི་ནང་དོན་ལ་བརྟེན་ནས་དྲ་རྒྱའི་གླེང་ཕྱོགས་ཁོར་ཡུག་གཙང་མ་ཡོང་བ་བྱས་ལ་གསོན་ཤུགས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁ་གསལ་བཏོན་པའི་འབད་འབུངས་ཡར་བརྩོན་གྱི་ལམ་བུའི་ཐོག་སྐྱོད་དགོས”ཞེས་ཧུའུ་ཀྲེང་རུང་གིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།