[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>སྐབས་19པའི་་ཚང་འཛོམས་གྲོས་ཚོགས་ཐེངས4
  • ཐོག་མའི་བསམ་འདུན་སྲུང་ནས་འགན་འཁྲི་འཁུར་བ་དང་། ཁྲིམས་བཟང་བཙུགས་ནས་བཅོས་སྐྱོང་མཁས་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལེ་ཧྲུའུ་ལེང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-04

    ཉེ་ཆར། ཇི་ལྟར་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་རང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལེ་ཧྲུའུ་ལེང་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན། 

    ལེ་ཧྲུའུ་ལེང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གཏན་འབེབས》ཀྱིས་མི་དམངས་རང་ཁྱིམ་རང་བདག་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ཀྱི་མཐོ་ཚད་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་གནས་བབ་ནན་བཤད་བྱས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་འཛུགས་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་དོན་སྙིང་གལ་ཆེན་དང་བཀོད་སྒྲིག་གལ་ཆེན་ལ་རྒྱས་བཤད་བྱས་ཏེ་བོད་ཀྱིས་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་སྤེལ་རྒྱུར་མདུན་སྐྱོད་ཀྱི་ལམ་བུ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་བརྗོད་པ་རེད། 

    “ལོ་ངོ་40ཡི་རིང་། ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལྟར་ལྟ་སྐུལ་དང་མཛུབ་ཁྲིད་ནུས་ལྡན་དང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་འཁུར་བ་དང་། ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་གཏོང་བ་བཅས་བྱས་ནས། ཁྲིམས་འཛུགས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཁྲིམས་འཛུགས་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད”ཅེས་ལེ་ཧྲུའུ་ལེང་གིས་ངོ་སྤྲོད་བྱས། མིག་སྔའི་བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་ཁྱོན་186བཟོས་པ་དང་ཆོག་མཆན་སྤྲད་པའི་ནང་ད་ཆ་སྤྱོད་བཞིན་པ་155ཡོད་པ་རེད། ཆུས་བཙུགས་པའི་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་41ལ་ཆོག་མཆན་སྤྲད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་བོད་དུ་རྩ་བ་ཚུགས་པ་དང་ཡལ་ག་རྒྱས་པ་དང་མེ་ཏོག་བཞད་དེ་འབྲས་བུ་སྨིན་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད། 

    ལེ་ཧྲུའུ་ལེང་གིས་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག་འགན་ལེན་དང་འཕེལ་རྒྱས་གཏོང་བ། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་པ་བཅས་བྱས་པས། བོད་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལ་གྲུབ་འབྲས་གསར་པ་དང་འཕེལ་རྒྱས་གསར་པ་བྱུང་ཡོད། གཅིག་ནི་དུས་རབས་གསར་པ་དང་ལག་ལེན་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དམངས་འཚོ་དང་སྣོད་བཅུད་སོགས་གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་ལུགས་20ལྷག་ཙམ་བཟོས་ནས་ཁྲིམས་འཛུགས་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཁྲིད་སྟོན་བྱས་པ་དང་། གཉིས་ནི་བཅའ་ཁྲིམས་ལག་བསྟར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་ཁྲིམས་འཛིན་ཞིབ་བཤེར་དང་བརྟག་ཞིབ་སོགས་བྱེད་སྒོ་བརྒྱུད་བཅའ་ཁྲིམས་ལག་བསྟར་གྱི་བརྒྱུད་རིམ་ཁྲོད་ཁྲིམས་ཡོད་ཀྱང་བརྩི་སྲུང་མི་ཞུ་བ་དང་། ཁྲིམས་འཛིན་ནན་པོ་མི་བྱེད་པ། ཁྲིམས་ལས་འགལ་རུང་རྩད་གཅོད་མི་བྱེད་པ་བཅས་ཀྱི་རྣམ་པ་ཡོ་བསྲང་བྱས་ཏེ་བཅའ་ཁྲིམས་ཀྱི་དབང་གྲགས་འཛུགས་པ་དང་བོད་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། གསུམ་ནི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“སྲིད་གཞུང་གཅིག་དང་། ཨུ་ཡོན་ལྷན་ཁང་གཅིག ཁང་གཉིས”ཀྱི་ལས་དོན་ལ་ལྟ་སྐུལ་དང་རྒྱབ་སྐྱོར་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ལྟ་སྐུལ་བྱེད་མཁས་པ་དང་ཕོད་པ་བྱས་ཏེ་རྒྱལ་ཁབ་ལས་ཁུངས་དང་དེའི་ལས་དོན་པའི་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་ཡོང་བའི་འགན་ལེན་བྱས་པ། བཞི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་དམངས་མང་ཚོགས་ཁྲོད་ནས་ཐོན་པ་དང་། ལྷག་བསམ་རྣམ་དག་གིས་མི་དམངས་ཀྱི་ཁེ་ཕན་དང་འདོད་བློ་མཚོན་པ། རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་ནང་ཁྲིམས་ལྟར་ཞུགས་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་བོད་དུ་སྲ་བརྟན་དང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་པ། ལྔ་ནི་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དང་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་འཐབ་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་སྒྱུར་བཅོས་འཕེལ་རྒྱས་དང་མཉམ་དུ་སྤེལ་བ་དང་མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འགན་ལེན་བཅས་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།