[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>སྐབས་19པའི་་ཚང་འཛོམས་གྲོས་ཚོགས་ཐེངས4
  • བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། “གང་ཞིག་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་དགོས་པ་དང་གང་ཞིག་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས་པའི”ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ལ་ཕྱོགས་ཡོངས་ནས་ལན་བསྐྱོན་པར་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད།

    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་ནི་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན་པ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་། ད་ཆ་སྤེལ་བཞིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་ཚང་མས་མགྲིན་གཅིག་ཏུ་བརྗོད་པ་རེད།

    ཟླ་11ཚེས་1ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་རྒྱ་ཆེའི་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་གནང་དོན། ངེས་པར་དུ་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག་འཇུག་གཞི་དང་ཤུགས་རྒྱག་ས་ཡག་པོ་བཙལ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་པ་བསྟར་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་འགོ་ཁྲིད་ཀྱི་སྒྲིག་སྲོལ་དོན་འཁྱོལ་ནན་པོ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་དང་དགོངས་སྐོར་སྙན་སེང་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས། སྒྲིག་བཤེར་ལྟ་ཞིབ་ལས་དོན་དུས་དང་རྣམ་པ་ཀུན་ཏུ་ཏང་གི་འགོ་ཁྲིད་གཙང་བཙན་གྱི་འོག་ཏུ་སྤེལ་ཐུབ་པར་བྱེད་དགོས། གཞོགས་འདེགས་ལས་འགན་དང་ལྟ་སྐུལ་འགན་འཁྲི་ནན་ཏན་སྒྲུབ་པ་དང“སྒྱུར་བ་གསུམ”མུ་མཐུད་གཏིང་ཟབ་ཏུ་བཏང་ཐོག་ལྟ་སྐུལ་བྱ་རྒྱུ་དེ“མི་བྱེད་པ་གསུམ”གྱི་ལམ་སྲོལ་འཛུགས་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་སར་ཁྱབ་པར་བྱས་ནས། ལྟ་སྐུལ་གྱི་གཟབ་ནན་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་བཏང་སྟེ། ཆབ་སྲིད་ཀྱི་ཕན་འབྲས་དང་། སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཟུང་འབྲེལ་དམ་ཟབ་ཡོང་བའི་འགན་ལེན་བྱེད་དགོས། ཀུན་གྱི་སྣེ་ཁྲིད་དེ་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མཐའ་གཅིག་ཏུ་ལག་བསྟར་བྱེད་མཁན་དང་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་བྱེད་མཁན་ཞིག་བྱས་ནས། སྒྲིག་སྲོལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་འགན་འཁྲི་འཁུར་ནས་ལས་ཀ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རིགས་མཐའ་གཅིག་ཏུ་ཡོ་བསྲང་དང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།

    ཟླ་11ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྩ་འཛུགས་པུས་པུའུ་དོན་ཚོགས་འདུའི(རྒྱ་ཆེའི)ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ་པུའུ་དོན་ཚོགས་འདུའི་ཁོངས་མིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པའི་བྱ་ཐབས་ཐོག་ནས་རྩ་འཛུགས་ལས་ཁུངས་ཀྱི་ལས་བྱེད་པ་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་དཔྱིས་ཕྱིན་པ་སློབ་སྦྱོང་བྱས་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྩ་འཛུགས་ཁོངས་གཏོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་བྱེད་པའི་ཐད་མདུན་གྲལ་དུ་སླེབས་པར་བྱས་ནས་ཀུན་ལ་མིག་དཔེ་འདོན་དགོས་པ་སྟེ། སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་སྔར་བས་གཏིང་ཟབ་བྱེད་དགོས་པ་མ་ཟད། ད་དུང་བརྟག་ཞིབ་དང་ཟུང་འབྲེལ་བྱས་ཐོག་གཞི་རིམ་དུ་བསྐྱོད་དེ་དྲིལ་བསྒྲགས་སྒྲོག་འགྲེལ་ལས་དོན་ཡག་པོ་སྤེལ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་གཙོ་བོ་དང་། ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱ་རྒྱུའི་ནང་དོན་གལ་ཆེན། རིམ་ཁག་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)འཛིན་གྲྭ་གཙོ་བོ་ཁག་གི་ངེས་པར་ཏུ་སྦྱོང་དགོས་པའི་སློབ་ཚན་བཅས་སུ་བརྩིས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། སློབ་སྦྱོང་གཏིང་ཟབ་དང་། སེམས་ལ་ཟུག་པ། ཏན་ཏིག་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

    ཟླ་11ཚེས་2ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གིས་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། བློ་བརྟན་འགྱུར་མེད་ངང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཡག་པོ་བྱེད་དགོས་ཤིང་། ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས། སྔོན་ལ་སློབ་སྦྱོང་དང་། སློབ་སྦྱོང་མཐར་ཕྱིན་བྱེད་པ། གོ་དོན་མཐིལ་རྟོགས་བཅས་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་གི་བསམ་ཕྱོགས་གསར་གཏོད་བྱས་ཏེ། གཅིག་སྡུད་སློབ་སྦྱོང་དང་། རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་། རིགས་གཅིག་མཁས་ཅན་གྱིས་སློབ་ཚན་ཁྲིད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཚོགས་འདུའི་དགོངས་དོན་གྱི་ངོ་བོ་དང་ཞིབ་ཕྲའི་བླང་བྱར་གོ་བ་ལེན་ཚད་སྔར་བས་ཟབ་ཏུ་བཏང་ནས་སློབ་སྦྱོང་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

    ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་ཀྲའོ་ཅུན་ཧུའེ་ཡིས། རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་རྩ་འཛུགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་མངོན་འགྱུར་ཡོང་བའི་ལས་བྱེད་པ་དང་ཤེས་ལྡན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཆེད་ནུས་པ་ཕྲན་བུ་འདོན་རྒྱུ་དང་འབྲེལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་། ནང་དོན་ཟབ་མོ། ལག་ལེན་གྱི་བླང་བྱ་བཅས་ལ་རྒྱུན་ཆད་མེད་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མ་ལག་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན་དང་མཐའ་གཅིག་ཏུ་ལག་བསྟར་བྱེད་མཁན་ཞིག་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།