[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཆོགས་ཐེངས་བཞི་པའི་ཆེད་སྒྲིག
  • བོད་ལྗོངས་ཀྱི་ཐད་གཏོགས་ཚན་པའི་ལས་བྱེད་ལས་བཟོ་ཚོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་སྒྲོག་འགྲེལ་ཉན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-12-05

        ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་རང་ལྗོངས་ཀྱི་ས་ཁུལ་ཁག་གི་ཐད་གཏོགས་ཚན་པར་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། ངོ་མཚར་ཆེ་བའི་སྒྲོག་འགྲེལ་ཐེངས་མང་བྱས་པ་བརྒྱུད་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གོ་བ་ལེན་ཟབ་ཏུ་དང་ངོས་འཛིན་མཐོ་རུ་ཕྱིན་པ་དང་བསམ་བློ་གཅིག་གྱུར་བྱུང་བ་རེད། ཚོགས་ཞུགས་མི་སྣས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་སྦྱོང་སྤྱོད་ཟུང་འབྲེལ་ཐུབ་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་གི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་པ། ཁྲིམས་ལྟར་སྲིད་འཛིན་གྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

        ཚེས་24ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་རང་སྐྱོང་ལྗོངས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། བོད་ལྗོངས་སློབ་ཆེན་གྱི་མཆོག་རམས་པ། དགེ་རྒན་ཆེ་མོ་གཞོན་པ་བཅས་ཡིན་པའི་ལིའུ་དབྱང་ཆེད་མངགས་གདན་དྲངས་ནས་《ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་གསལ་འགྲེལ 》ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཞུ་བྱས་པ་རེད། སྙན་ཞུའི་ནང་གྱོད་དཔེ་མི་འདྲ་བ་དྲངས་ནས་ཚོགས་ཞུགས་མི་སྣར་ཁྲིམས་ལྟར་རྒྱལ་སྐྱོང་གི་བརྡ་ཆད་གཙོ་བོ་དང་གོ་དོན་འགྲེལ་བཤད་ཁ་གསལ་བརྒྱབ་པ་རེད། གློག་འཕྲིན་དོ་དམ་ཁྲུའི་ཁྲུའུ་ཀྲང་སྐལ་བཟང་དབང་འདུས་ཀྱིས་སྙན་ཞུ་ཉན་པ་བརྒྱུད་ངས་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ལྷག་དོན་དུ་ཁྲིམས་ལྟར་སྲིད་འཛིན་གྱི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ཐད་ངོས་འཛིན་དེ་བས་བྱེད་ཟབ་ཏུ་ཕྱིན་སོང་ཞེས་བཤད་པ་རེད།

        ཚེས་25ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལིའུ་པོ་གདན་དྲངས་ནས “ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་དགོས ”ཞེས་འགོ་བརྗོད་དུ་འཁོད་པའི་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད། སྙན་ཞུ་ཉན་རྗེས་རང་སྐྱོང་ལྗོངས་སྲིད་གྲོས་སྤྱི་ཚོགས་ཁྲིམས་ལུགས་ཕྱི་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དོན་གྲུབ་ཀྱིས་ད་ཐེངས་ཀྱི་ཚོགས་འདུ་འགོ་འཛུགས་སར་བྱས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གལ་ཆེའི་ཆབ་སྲིད་ལས་འགན་ལ་བརྩིས་ནས་དམ་འཛིན་ཡག་པོ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

        ཚེས་26ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་དབན་ཅིན་ཕེང་གིས་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཚོར 《ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་དགོས 》ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་དོན་སྒྲོག་འགྲེལ་བྱས་ཤིང་། སྒྲོག་འགྲེལ་ནང “ཏང་ལ་དོ་དམ་དང་ཏང་ནན་པོ་བསྐྱངས་ཚེ་གཞི་ནས་ཏང་ལ་དོ་དམ་ཡག་པོ་དང་ཏང་ཡག་པོ་སྐྱོང་ཐུབ་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་ཐེབས་ཐུབ ”ཅེས་ཕྱོགས་གཉིས་ཀྱི་ཐད་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།

        གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས (པར་དབང་ཅུས )ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་འཚོགས་པའི་སློབ་སྦྱོང་ཚོགས་འདུའི་ཐོག་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལྗོངས་ཏང་གི་སློབ་གྲྭའི་ཕྱོགས་བསྡུས་སློབ་དཔྱོད་པུའི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ཕན་ཅན་ཧྲེང་གིས་ཆེད་དོན་སྒྲོག་འགྲེལ་བྱས་ཤིང་། སྙན་ཞུའི་ནང་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་གལ་ཆེའི་དོན་སྙིང་དང་སྤྱིའི་དམིགས་ཚད་དང་དེ་བཞིན་གཞི་རྩའི་རྩ་དོན་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་གལ་ཆེའི་ལས་འགན་དང་གལ་ཆེའི་བྱ་ཐབས་སྟངས་འཛིན་བྱ་རྒྱུ། ཏང་གི་འགོ་ཁྲིད་འོག་ཁྲིམས་ལྟར་བོད་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཕྱོགས་གསུམ་ཐད་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། བཀོད་སྒྲིག་གསར་པ་བཅས་ཚོགས་ཞུགས་མི་སྣར་དབྱེ་ཞིབ་གཏིང་ཟབ་དང་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

        ཚེས་28ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་ཁུངས་ཏང་ཨུད་ཀྱིས་“ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་དགོས ”ཞེས་འགོ་བརྗོད་དུ་འཁོད་པའི་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད། ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་ཁུངས་ཀྱིས་སློབ་སྦྱོང་གི་ཚ་རླབས་སྔར་བས་འཕྱུར་བ་བྱས་ནས་བྱ་ཐབས་སྣ་ཚོགས་སྤྱོད་པ་དང་སློབ་སྦྱོང་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་དང་སྟངས་འཛིན་ཡང་དག་ཐུབ་པ་བྱེད་དགོས་པ་དང་། ཚོགས་འདུའི་དགོངས་དོན་གྱི་དྲིལ་བསྒྲགས་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ནས་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་དྲིལ་བསྒྲགས་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་རིགས་ཁག་གི་དྲིལ་བསྒྲགས་བྱ་ཐབས་དང་། དྲིལ་བསྒྲགས་འཐབ་ས། དྲིལ་བསྒྲགས་བྱེད་སྟངས་བཅས་གང་ལེགས་སྤྱད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དུད་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་ཐུབ་པ་བྱེད་དགོས་པ། སློབ་སྦྱོང་གི་ཕན་འབྲས་དེ་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་བོད་སྐྱོང་གི་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པ་བྱས་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་ལུགས་བསམ་བློ་དར་སྤེལ་གཏོང་བ། རང་འགུལ་ངང་ཁྲིམས་ལྟར་བྱ་བ་སྒྲུབ་པ་བཅས་བྱས་ཏེ་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལུགས་བོད་ལྗོངས་འཛུགས་སྐྲུན་ཆེད་མི་ཚང་མས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员