[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཆོགས་ཐེངས་བཞི་པའི་ཆེད་སྒྲིག
  • བོད་ལྗོངས་ཀྱི་ཚན་པ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-12-04

        ཉིན་ཤས་རིང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་རང་ལྗོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་སྒྲོག་འགྲེལ་མཐར་ཕྱིན་པ་བྱས་ཏེ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྔར་བས་ཤེས་རྟོགས་ཐུབ་པ་བྱས་པས་ཁོང་ཚོའི་ངོས་འཛིན་མཐོ་རུ་ཕྱིན་ཁར་བསམ་བློ་གཅིག་གྱུར་བྱུང་སྟེ་ཕན་འབྲས་བཟང་པོ་ཐོན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྒྲོག་འགྲེལ་སྙན་ཞུ་ཉན་རྗེས་རྒྱ་ཆེའི་ལས་བཟོ་ཚོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་སློབ་སྦྱོང་བྱ་ཡུལ་གཙོ་བོར་བྱས་ཏེ་ཁྱབ་ཁོངས་ཁག་གི་ལས་དོན་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།

        ཉེ་ཆར། རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་ཏེ་བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་སུན་ཝུན་ཀེ་གདན་དྲངས་ནས 《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་སྟངས་ཀྱི་ནུས་པ་མཐོ་རུ་གཏོང་དགོས 》ཞེས་འགོ་བརྗོད་དུ་འཁོད་པའི་སྒྲོག་འགྲེལ་སྙན་ཞུ་བྱས་ཤིང་། ཚོགས་འདུའི་ཐོག་ལས་ཁུངས་ཀྱི་ཚན་པ་ཁག་དང་ཐད་གཏོགས་ཚན་པ་ཁག་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནང་སེམས་པར་ཟུག་པ་དང་ཕྱི་སྤྱོད་པར་འཁྱོལ་བ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་རང་འགུལ་དང་རང་རྟོགས་སེམས་པ་ཆེ་རུ་གཏོང་དགོས་པ་དང་། རིམ་ཁག་སློབ་གྲྭ་ཁག་གིས་ཁྲིམས་ལྟར་སློབ་སྦྱོང་དང་། ཁྲིམས་ལྟར་སློབ་གསོ། ཁྲིམས་ལྟར་སློབ་ཁྲིད་བཅས་བྱས་ཏེ་ཁྲིམས་སྐྱོང་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་གཞི་རྩར་བྱས་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོར་ཤུགས་སྣོན་ཏན་ཏིག་དང་སློབ་གསོའི་ཁོངས་གཏོགས་བཅོས་སྒྲིག་གི་མ་ལག་དང་བཅོས་སྒྲིག་ནུས་པ་དེང་རབས་སུ་འགྱུར་བར་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

        ཚེས་26ཉིན། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་འཚོགས་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ལྗོངས་ཏང་ཨུད་ཀྱི་སྒྲོག་འགྲེལ་ཚོགས་མིའི་ཁོངས་མི་དང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མར་ཁེ་སི་རིགས་པའི་གཞུང་ལུགས་ཞིབ་འཇུག་ཁང་གི་འགན་འཛིན། ཞིབ་འཇུག་པ་བཅས་ཡིན་པའི་ཝང་ཁྲུན་ཧོན་གདན་དྲངས་ཏེ་ཆེད་དོན་ཟུར་ཁྲིད་བྱས་ཤིང་། ཝང་ཁྲུན་ཧོན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པའི་ལོ་རྒྱུས་དང་དོན་དངོས་ཀྱི་རྒྱབ་ལྗོངས་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་འབྱུང་འགྱུར་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་རྣམ་པ་གསར་པ་ཁྱོན་ཡོངས་ནས་འགོད་པ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་དེ་བཞིན་དེའི 《གཏན་འབེབས 》ཀྱིས་འབྱུང་འགྱུར་རྒྱལ་ཁབ་ལ་ཐེབས་པའི་ཤུགས་རྐྱེན་བཅས་ཕྱོགས་གསུམ་ཐད་ནས་གསལ་འགྲེལ་བྱས་པ་མ་ཟད། རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་དོན་ཁག་ཁྱོན་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུར་རྒྱས་བཤད་བྱས་པ་རེད།

        ཉེ་ཆར། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་རང་སྐྱོང་ལྗོངས་ཀྱི་འཆད་འཁྲིད་དགེ་རྒན་ཚོགས་པ་དང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ། ཕྱོགས་བསྡུས་སློབ་དཔྱོད་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཕན་ཅན་ཧྲེང་གདན་དྲངས་ཏེ་《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བསམ་བློ་གསར་པ་དང་། ཆོད་སྡོམ་གསར་པ། བཀོད་སྒྲིག་གསར་པ་བཅས་ཆགས་པ་བྱེད་དགོས 》ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་སློབ་སྦྱོང་བྱ་ཡུལ་གྱི་གཙོ་གནད་དུ་བཞག་སྟེ 《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བརྡ་ཐོ 》ཡི་བླང་བྱ་ལྟར་སློབ་སྦྱོང་གི་འཆར་གཞི་དང་ཇུས་གཞི་ནན་ཏན་བཟོས་ནས་སློབ་སྦྱོང་དོན་འཁྱོལ་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员