[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཆོགས་ཐེངས་བཞི་པའི་ཆེད་སྒྲིག
  • བོད་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གསོན་ཉམས་དོད་པོས་སྒྲོག་འགྲེལ་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-11-26

        ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། ཟླ་བཅུ་གཅིག་པ་ནས་བཟུང་ལྗོངས་ཏང་ཨུད་སྒྲོག་འགྲེལ་ཚོགས་པས་སྡེ་ཚན་ཁག་ནས་བཅའ་ཁྲིམས་ལག་ལེན་དང་རིགས་གཞུང་ལས་དོན་པ་འདེམས་གཏོང་གིས་རང་སྐྱོང་ལྗོངས་ཀྱི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་ལྗོངས (ཀྲུང་དབྱང )ཐད་གཏོགས་ཚན་པ་ཁག་དང་ས་ཁུལ (གྲོང་ཁྱེར )དང་དེ་བཞིན་རྫོང (ཆུས )ཁག་ཏུ་སྐོར་སྐྱོད་སྒྲོག་འགྲེལ་བྱས་ནས་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དང་མང་ཚོགས་ཚོས་ཤེས་ཐུབ་པའི་འགན་ལེན་བྱས་པ་རེད།

        ལྗོངས་སྒྲིག་ཨུད་དུ་རང་སྐྱོང་ལྗོངས་ཀྱི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གཏན་འབེབས་ཀྱི་གལ་ཆེའི་དོན་སྙིང་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་དུས་རབས་ཀྱི་རྒྱབ་ལྗོངས། གཏན་འབེབས་ནང་གི་གལ་ཆེའི་གནད་དོན་ངོས་འཛིན་གནད་འཁེལ་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ཧུར་ཐག་བྱེད་པ་སོགས་ཐད་ནས་སྒྲིག་ཨུད་ཀྱི་ལས་བྱེད་པ་ཡོངས་ལ་ཁྱོན་ཡོངས་དང་ཆ་ལག་ཚང་བའི་སྒོ་ནས་འཆད་འགྲེལ་བྱས་ཡོད། ལྗོངས་སྒྲིག་ཨུད་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ལས་བྱེད་པ་ལིའུ་ཕུང་ཁྲུན་གྱིས “སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་གཙོ་བོ་ཏང་གི་གཏན་འབེབས་དང་སྒྲིག་ཁྲིམས་སློབ་སྦྱོང་ནན་ཏན་བྱས་ནས་སྒྲིག་བཀུར་ཁྲིམས་སྲུང་གི་མིག་དཔེ་ཞིག་བྱེད་དགོས་པ་མ་ཟད། ད་དུང་རང་འགན་གཙང་སྒྲུབ་ཀྱིས་ཁྲིམས་སྐྱོང་གི་བསམ་ཕྱོགས་དང་ཁྲིམས་སྐྱོང་གི་བྱ་ཐབས་ལ་ནན་པོར་གཞིགས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་རང་ངོས་ལས་ཀའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས ”ཞེས་བཤད།

        ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་བཞི་སྡེ་དགོན་པའི་སྒོ་རའི་ནང་དང་། ཆུ་ཤུར་རྫོང་གནམ་ཤང་གནམ་གྲོང་ཚོའི་སྨན་རྩྭ་མ་ཁ་འཐུ་ཡུལ། འདམ་གཞུང་རྫོང་ཀོང་ཐང་ཤང་ལ་རྒན་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་བཅས་སུ་མི་མང་མཉམ་འཛོམས་ཀྱིས་ལྗོངས་ཏང་ཨུད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཤེས་ལྡན་མི་སྣའི་མཛོད་ཀྱི་ཁོངས་མི། བོད་སྐད་སྒྲོག་འགྲེལ་པ་དང་ཞིང་འབྲོག་པའི་སྒྲོག་འགྲེལ་པ་བཅས་ཀྱི་སྒྲོག་འགྲེལ་གཟབ་ནན་ངང་ཉན་བཞིན་འདུགསྒྲོག་འགྲེལ་པ་ཚོས་གོ་བདེ་ལ་ཤེས་སླ་བ་དང་བསྟན་བཤིགས་ཚ་བའི་སྐད་ཆའི་ཐོག་ནས་གསོན་ཉམས་དོད་ཅིང་འཚོ་བ་དང་འབྲེལ་འདྲིས་ཆེ་བའི་དཔེ་མཚོན་སྤྱད་དེ་སྒྲོག་འགྲེལ་བྱས་པས་ཉན་མཁན་རྣམས་སྐབས་རེ་གད་མོ་ཤོར་བ་དང་སྐབས་རེ་མགོ་བོ་ལྕོག་ལྕོག་བྱེད་བཞིན་འདུགགནམ་གྲོང་ཚོའི་ཚོགས་ཆུང་3པའི་པ་སངས་ཀྱིས “སྒྲོག་འགྲེལ་ཚོགས་པས་ངའི་ཁྱིམ་དུ་ཡོང་ནས་དོགས་གཞི་རེ་རེ་བཞིན་བསལ་བྱུང་། དེ་སྔོན་བཅའ་ཁྲིམས་ཀྱི་ཤེས་བྱ་མི་ཤེས་པ་དེ་དག་ད་ཆ་ཤེས་སོང་། ཕྱིས་འབྱུང་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན་གསལ་པོ་ཤེས་སོང ”ཞེས་བཤད། ཚེ་སྨོན་གླིང་སྡེ་ཁུལ་གྱི་གྲོང་མི་སྤེན་པ་དབང་རྒྱལ་གྱིས “སྒྲོག་འགྲེལ་ཉན་རྗེས་ངའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཕྱིན་སོང་། སླད་ཕྱིན་ངས་བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་ཡག་པོ་བྱས་ནས་ཁྲིམས་སྲུང་སྤྱི་དམངས་ཡག་པོ་ཞིག་བྱེད་ཀྱི་ཡིན ”ཞེས་བཤད། འདམ་གཞུང་རྫོང་ལ་རྒན་གྲོང་ཚོའི་གྲོང་མི་བློ་བཟང་དོན་ཡོད་ཀྱིས “སྒྲོག་འགྲེལ་ཉན་རྗེས་ངས་བཅའ་ཁྲིམས་ཀྱི་ཤེས་བྱ་མང་པོ་ཞིག་ཤེས་བྱུང་། ཕྱིས་འབྱུང་ཕྱིར་ལས་ཀར་འགྲོ་དུས་ངས་གན་རྒྱའི་ཡི་གེ་བཞག་སྟེ་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་ཡིན ”ཞེས་བཤད། སྒྲོག་འགྲེལ་བྱ་ཡུལ་དུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་འཚོ་བར་ཁ་ཕྱོགས་བཞིན་དུ་ཚང་མའི་ངོ་གདོང་ལས་འཛུམ་མདངས་འཕྱུར།

        སྒྲོག་འགྲེལ་དེ་འདྲ་བྱས་ཚེ་མི་སེར་ཚོར་ཕན་ཐོགས་ཡོད་ལ་སྒྲོག་འགྲེལ་པར་ཡང་ཕན་པ་མི་ཉུང་བ་ཞིག་ཡོད། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཤེས་ལྡན་མི་སྣའི་མཛོད་ཀྱི་ཁོངས་མི་དང་སྒྲོག་འགྲེལ་པ་འཇམ་དབྱངས་བསྟན་འཕེལ་གྱིས “སྒྲོག་འགྲེལ་བྱེད་རིང་རང་ཉིད་ཀྱི་ལས་ཀ་བྱེད་སྟངས་ལེགས་སུ་ཕྱིན་སོང་། ང་ལ་ཆེད་མངགས་སྦྱོང་བརྡར་ཐོབ་མྱོང་མེད་ནའང་ཚགས་པར་ཐོག་གི་ནང་དོན་ཇི་མ་ཇི་བཞིན་མི་སེར་ཚོར་ཀློག་ན་ཕན་འབྲས་ཡག་པོ་དེ་ཙམ་ཐོན་མི་ཐུབ། མི་སེར་དང་ངོ་ཐུག་གདོང་འཕྲད་ཀྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ་བྱས་ཚེ་ཕན་འབྲས་ཡག་པོ་ཐོན་ངེས་རེད་བསམ་གྱི་འདུག ”ཅེས་བཤད།

        ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ལྗོངས་ཏང་ཨུད་སྒྲོག་འགྲེལ་ཚོགས་པས་ད་དུང་ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་ཞུས་ཀྱིས་བོད་རིགས་ས་ཁུལ་དུ་སྒྲོག་འགྲེལ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་ཁྲིམས་ལྟར་རྒྱལ་སྐྱོང་གི་བསམ་ཕྱོགས་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ། བྱ་ཐབས་གསར་པ་བཅས་རབ་དང་རིམ་པར་འགྲེལ་བཤད་གནད་འཁེལ་བརྒྱབ་སྟེ་རྒྱ་ཆེའི་ཏང་ཡོན་དང་དེ་བཞིན་ལས་བྱེད་པ་དང་མང་ཚོགས་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་རྒྱུར་རོགས་རམ་བྱ་རྒྱུ་རེད། ཞིང་འབྲོག་པའི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་ཀྱིས་གཅིག་སྡུད་གསོ་སྦྱོང་བྱས་རྗེས་སྒྲུང་ཤོད་པའི་བྱེད་ཐབས་ཐོག་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་སྐོར་ཞིབ་སྒྲོག་འགྲེལ་བྱས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དང་། མང་ཚོགས། མི་སེམས་བཅས་ལ་གཏིང་ཟབ་ཟུག་པ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员