[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཆོགས་ཐེངས་བཞི་པའི་ཆེད་སྒྲིག
  • བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་གྲོས་བསྡུར་འཁྲུག་པོ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-11-06

        ཟླ་10ཚེས་20ཉིན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག 《ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 》གྲོས་ཞིབ་དང་གྲོས་འཆམ་བྱས་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་ཀྲུང་གོ་སྐྲུན་ཆེད་འབད་འཐབ་བྱེད་དགོས་ཞེས་བཏོན་པ་དེར་ལྗོངས་ཡོངས་ཀྱི་གོང་འོག་ཏུ་ཚུར་སྣང་ལན་ཆ་ཧ་ཅང་ཆེན་པོ་བྱུང་ཡོད། རང་ལྗོངས་ཀྱི་ས་གནས་ཁག་དང་། སྡེ་ཚན་ཁག ལས་རིགས་ཁག་བཅས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཧུར་ཐག་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། རང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།

        ལྗོངས་སྲིད་གྲོས་དཔལ་འབྱོར་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་རྡོ་རྗེས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་ཆེ་ཤོས་ནི། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལྟར་རྒྱལ་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། “སློབ་སྦྱོང་བྱས་པ་བརྒྱུད་ང་ལ་སྐུལ་ལྕག་གཏིང་ཟབ་ཐེབས་བྱུང་། མིག་སྔར་རང་རྒྱལ་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་ཆེན་པོ་དང་འཕོ་འགྱུར་ཆེན་པོ་ཡོང་བའི་འགག་རྩའི་དུས་སུ་སླེབས་ཡོད་པས། ཀྲུང་དབྱང་གིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་སྐོང་ཚོགས་གནང་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་འཛིན་ལ་ཆེད་མངགས་ཞིབ་འཇུག་བྱས་པ་དེ་ང་ཚོས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་འཛིན་ནན་པོ། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ཁྲིམས་སྲུང་བཅས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་གཏོང་བ་དང་ཀྲུང་གོའི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་གལ་འགངས་ཆེ་བ་དང་། རྨང་གཞིའི་རང་བཞིན། སྒོ་ཀུན་རང་བཞིན་བཅས་ཀྱི་ནུས་པ་ལྡན་ཡོད ”ཅེས་བཤད་པ་རེད།

        “དེ་སྔ་དབང་ཆ་ཁྲིམས་ལས་ཆེ་བ་དང་སྲིད་འཛིན་སྡེ་ཚན་གྱིས་ཁྲིམས་འཛིན་གཞུང་དྲང་ལ་ཐེ་ཇུས་བྱེད་པའི་སྣང་ཚུལ་ཐོན་ཡོད། ད་རེས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྲིད་འཛིན་སྡེ་ཚན་མཐའ་དག་གིས་ཁྲིམས་འཛིན་གཞུང་དྲང་ལ་ཐེ་ཇུས་བྱེད་མི་ཆོག་ཅེས་གསལ་པོ་བཏོན་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་ཏང་འཛུགས་སྐྱོང་བྱེད་དགོས་ཞེས་བཏོན་པ་དེ་ཧ་ཅང་ཡག་པོ་འདུག་གཞི་རིམ་གྱི་མི་སེར་ཚོར་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མྱོང་ཚོར་ཐུབ་ཏུ་འཇུག་དགོས ”ཞེས་བོད་ལྗོངས་ཕུའུ་ཧའེ་ཁེ་ལས་ཚོགས་པ་ཀུང་སིའི་ཏུང་ཧྲི་ཀྲང་ལིན་ཁྲུན་ཧྥུ་ཡིས་ཚགས་པར་དང་བརྙན་འཕྲིན་ཐོག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་མུ་མཐུད་དོ་ཁུར་བྱས་ཤིང་། ཁོང་གིས་ད་རེས་ཀྱི་ཚང་འཛོམས་གྲོས་ཚོགས་འཚོགས་པ་དེས་ངའི་བློ་སྒོ་ཕྱེ་བྱུང་ཞེས་བཤད་པ་རེད།

        རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་སྲིད་ཇུས་ཁྲིམས་སྲོལ་ཁྲུའི་ཁྲུའུ་ཀྲང་གཞོན་པ་མིག་དམར་སྒྲོལ་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རྒྱལ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་མཐོ་རླབས་གཞན་ཞིག་ཡིན་པ་དེས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་ཇུས་གལ་ཆེན་གཏན་འཁེལ་གནང་ཡོད་པས། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཚོགས་འདུའི་ཐོག་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་ཁག་ལ་དམ་པོར་དམིགས་པ་དང་། ལས་ཁུངས་ཀྱི་ཁྲིམས་ལྟར་སྲིད་འཛིན་དང་སྲིད་འཛིན་སྒྲིག་གཞི་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྲིད་དོན་ཡོངས་བསྒྲགས་སྒོ་ཀུན་ནས་ཁྱབ་གདལ་གཏོང་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བཅས་བྱས་ཏེ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་བྱ་གཞག་གི་ཁྲིམས་ལུགས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

        རང་སྐྱོང་ལྗོངས་གཡོས་སྦྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲུའུ་ལི་ཆུན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་ལ་ཕབ་པའི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུ་དེ་ལས་རིགས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད། ཁོང་གིས “ལས་རིགས་ཀྱི་ལས་དོན་བསྒྲུབས་ནས་ལོ་མང་ཕྱིན་སོང་། མི་མང་པོ་ཞིག་ལ་ཁྲིམས་སྐྱོང་ཐད་ཤེས་རྟོགས་དེ་ཙམ་མེད་པའི་ཚོར་བ་བྱུང་བས། མི་སྒེར་གྱི་ཁེ་དབང་སྲུང་སྐྱོང་དང་ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་གི་ཕྱོགས་མང་པོའི་ཐད་དཀའ་ངལ་ཧ་ཅང་མང་པོ་འཕྲད་ཡོད། ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ་བརྒྱུད་ཚང་མས་མཉམ་དུ་ཁྲིམས་ལྟར་ཁེ་ལས་དོ་དམ་བྱེད་པ་དང་། ལས་གཉེར་མི་སྣས་ཁྲིམས་ལྟར་རང་ཉིད་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད ”ཅེས་བཤད་པ་རེད།

        རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཁྲུའི་ཚེ་སྐྱིད་ཀྱིས “ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་སློབ་སྦྱོང་བྱས་པ་བརྒྱུད་ཤོད་སྟངས་གསར་པ་མང་པོ་ཤེས་རྟོགས་ཐུབ་པ་དཔེར་ན་ཚང་འཛོམས་གྲོས་ཚོགས་ཐོག་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་རྒྱུར་སྒོ་ཀུན་ནས་སྐུལ་འདེད་གཏོང་དགོས་ཞེས་གསལ་པོར་བཏོན་པ་དང་། སྤྱི་དམངས་གོ་རིམ་ལྡན་པའི་སྒོ་ནས་ཁྲིམས་འཛུགས་དང་ཁྲིམས་ལྟར་རྒྱལ་སྐྱོང་ནང་ཞུགས་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས་ལུགས་བཏོན་པ་སོགས་རེད། རང་འཁྲིའི་ལས་ཀ་དང་ཟུང་འབྲེལ་བྱས་ནས་བཅའ་ཁྲིམས་གསར་པའི་ནང་གི་ཞོར་འབྲེལ་འགན་འཁྲིའི་སྐོར་ཤོད་སྟངས་གསར་པ་ཁག་བདུན་སྐོར་སླད་ཕྱིན་གྱི་ལས་ཀའི་ནང་ད་དུང་སྔར་བས་སློབ་སྦྱོང་བྱེད་དགོས་ཀྱི་འདུག ”ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员