[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཆོགས་ཐེངས་བཞི་པའི་ཆེད་སྒྲིག
  • བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-11-05

        ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་དང་། གྲོས་བསྡུར་ཚོགས་འདུ། བཞུགས་མོལ་ཚོགས་འདུ་བཅས་མུ་མཐུད་སྒྲིག་འཛུགས་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གཏིང་ཟབ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ནང་དོན་གལ་ཆེན་དང་། ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་རྣམ་བཤད་གསར་པ་དང་། དམིགས་ཚད་གསར་པ། བླང་བྱ་གསར་པ་བཅས་ལ་དམིགས་ནས་རང་ངོས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་བྱས་པ་རེད།

        ཟླ་10ཚེས་30ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཏང་ཙུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱས་ཤིང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཀྲང་ཕེ་ཀྲུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་རང་ལྗོངས་ཀྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་། བརྒྱུད་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཞིབ་དཔྱོད་ལས་ཁུངས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ལྗོངས་ཏང་ཨུད་ཀྱི་བརྡ་ཐོའི་བླང་བྱར་གཞིགས་ཏེ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཡག་པོ་བཅས་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

        ཟླ་10ཚེས་31ཉིན་གྱི་ཕྱི་དྲོ་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་སྐོང་ཚོགས་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་ཨུ་ཡོན་ལྷན་ཁང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོ་རུ་བཏང་སྟེ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་དང་། བླང་བྱར་བརྩིས་ནས་སློབ་སྦྱོང་དང་ལག་བསྟར་གྱི་ཚ་རླབས་མྱུར་དུ་འཕྱུར་བ་བྱེད་དགོས་པ་དང་། བསམ་བློའི་ངོས་འཛིན་དེ་རང་འགུལ་གྱི་བྱ་སྤྱོད་ལ་འགྱུར་བ་བྱས་ནས་དགོངས་དོན་ཇི་མ་ཇི་བཞིན་སློབ་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསལ་བཤད་དང་གསུང་བཤད་གལ་ཆེན་གྱི་གཞི་རྩའི་ནང་དོན་ལ་གོ་བ་ལེན་པ་དང་དེའི་ཁྲོད་ཀྱི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་སྡོམ་གསར་པ། བླང་བྱ་གསར་པ་བཅས་ལ་གོ་བ་ལེན་དགོས་པའི་བླང་བྱ་བཏོན་པ་རེད།

        ཟླ་10ཚེས་31ཉིན་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་ལྔ་པས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གྲོས་ཆོད་ལ་གཅིག་སྡུད་ཐོག་སློབ་སྦྱོང་བྱས་ཤིང་། སློབ་སྦྱོང་ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་ལས་དོན་སྤེལ་ཤུགས་གང་ལེགས་མཚོན་ཡོད། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པ་མ་ཟད། ལྷོ་ཁ་ས་ཁུལ་གྱིས་ཁྲིམས་ལྟར་ས་ཁུལ་སྐྱོང་བར་སྐུལ་འདེད་གཏོང་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་བསྐྲུན་མགྱོགས་སུ་གཏོང་བ་བཅས་ལ་གལ་འགངས་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་བཟང་པོ་ཡང་ཐོན་རྒྱུ་རེད་ཅེས་མཛུབ་སྟོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员