[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཆོགས་ཐེངས་བཞི་པའི་ཆེད་སྒྲིག
  • ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དུད་ཚང་ཁྲི་སྟོང་མང་པོར་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-11-04

        ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོ (གྲོང་མི )ཁག་ཏུ་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག་གིས་གྲོང་ཚོ (གྲོང་མི )ཁག་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་རྣམ་པ་གསར་གཏོད་དང་གཞི་རྟེན་ཕུན་སུམ་ཚོགས་སུ་ཧུར་ཐག་བཏང་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ཐོག་ནས་གྲོང་ཚོར (གྲོང་མི )བཅའ་སྡོད་ལས་དོན་ལ་མཛུབ་ཁྲིད་ཏན་ཏིག་བྱས་ཏེ་གྲོང་ཚོར (གྲོང་མི )བཅའ་སྡོད་ལས་དོན་ཐད་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།

        སྤེལ་རེས་ལ་སྣང་ཆེན་དང་མྱོང་ཚོར་གླེང་ཞིང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོ (གྲོང་མི )ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་གི་དྲིན་ཚོར་གྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གྲོང་ཚོ (གྲོང་མི )“ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་ཁོངས་མི་དང་། ཏང་ཡོན། ཙུའུ་ཀྲང་། “གཉིས་ལྡན་དུད་སྦྲེལ ”གྱི་འཐུས་མི། ཞིང་འབྲོག་མང་ཚོགས་བཅས་སྒྲིག་འཛུགས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་མང་ཚོགས་དང་སྙིང་གཏམ་ཤོད་པ་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱ་ཁྱབ་བྱས་པ་དང་འབྲེལ་ལས་བྱེད་ལས་བཟོ་སྒྲིག་འཛུགས་ཀྱིས་སློབ་སྦྱོང་གི་མྱོང་ཚོར་འབྲི་བ་དང་སློབ་སྦྱོང་མྱོང་ཚོར་སྤེལ་རེས་བྱེད་དུ་བཅུག་པ་རེད། ཁྲེང་ཀོན་ཆུས་ལྷ་ཀླུ་སྡེ་ཁུལ་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྦྲག་སྲིད་ཡན་ལག་ཀུང་སིའི་ལས་དོན་རུ་ཁག་གིས་སྡེ་ཁུལ་གྱི་ལས་བྱེད་པ་དང་ཏང་ཡོན་40སྒྲིག་འཛུགས་ཀྱིས 《ལོ་བརྒྱའི་རླབས་རྒྱུན ·ཀྲུང་གོའི་ཕུགས་འདུན 》གྱི་ཆེད་དོན་བརྙན་འཕྲིན་ལེ་ཚན་ལྟ་རུ་བཅུག་པ་དང་སྡེ་ཁུལ་མང་ཚོགས་ལ 《ཀློག་དེབ 》120ལྷག་ཙམ་སྤྲད་དེ་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱས་པ་རེད།

        སྒྲོག་འགྲེལ་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཤིང་། གྲོང་ཚོ (གྲོང་མི )ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་ཡུལ་བབ་དང་བསྟུན་པ་དང་། རྣམ་པ་གསར་གཏོད་ཀྱིས་སྒོ་རྩར་དྲིལ་བསྒྲགས་བྱེད་པ་དང་། མི་དང་དུད་ཚང་མང་སར་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཞིང་ནང་དུ་སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་སྤྲད་དེ་མང་ཚོགས་དང་མཉམ་དུ་ངལ་རྩོལ་བྱེད་པའི་ཁྲོད་སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་སྤེལ་ནས་དུད་ཚང་དང་མི་ཚང་མས་ཤེས་རྟོགས་ཐུབ་པ་བྱས་པ་རེད། བཅར་འདྲི་ཤེས་རྟོགས་དང་བཞུགས་མོལ་སྤེལ་རེས་སོགས་ཀྱི་རྣམ་པ་སྤྱད་དེ་བསྐྱར་འདྲི་དང་སྒྲོག་འགྲེལ་ཕན་འབྲས་སྲ་བརྟན་དུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་སྒྲོག་འགྲེལ་མི་སེམས་སུ་ཟུག་པ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད། སྟོད་ལུང་བདེ་ཆེན་རྫོང་དམར་ཤང་དུ་བཅའ་སྡོད་ལྷ་ས་གྲོང་ཨུད་རྩ་འཛུགས་པུའི་ལས་དོན་རུ་ཁག་གིས “ཨུ་ལྷན་གཉིས ”ཀྱི་སྐབས་བརྗེའི་ལས་དོན་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་དེ་བཞིན “སྟོན་གསུམ ”ལས་དོན་དང་ཟུང་འབྲེལ་བྱས་ཏེ “འགན་ལེན་གསུམ ”(དྲིལ་བསྒྲགས་ཁྱོན་ཡོངས་ལ་ཁྱབ་པ་དང་། སྒྲོག་འགྲེལ་ཡིད་དབང་འགུགས་ནུས་ལྡན་པ། སྒྲོག་འགྲེལ་ལ་ཕན་འབྲས་ཐོན་པ་བཅས་འགན་ལེན་བྱེད་པ )མཐའ་འཁྱོངས་ཀྱིས 《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ 》སྒྲོག་འགྲེལ་དང་འགྲེལ་བཤད་རྒྱ་ཁྱབ་བྱས་པ་རེད།

        ཕན་འབྲས་དངོས་ཐོན་རྒྱུར་སྣང་ཆེན་དང་དྲོ་སྐྱིད་སྦྱིན་ཞིང་། གྲོང་ཚོ (གྲོང་མི )ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་ཕ་ཡུལ་ལ་བརྩི་བ་དང་མང་ཚོགས་གཉེན་ཉེར་བརྩིས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གཙོ་གནད་དུ་འཛིན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རིག་གནས་དྲིལ་བསྒྲགས་དང་། ཆ་འཕྲིན་ཤར་གཏོང་། ཞབས་འདེགས་ཞུ་བ། དྲོ་སྐྱིད་སྦྱིན་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་དཀའ་ངལ་ཡོད་པའི་མང་ཚོགས་དང་མི་ཧྲེང་རྒན་རྒོན་སོགས་ཉམས་ཞན་ཚོགས་སྤྱིར་མཉམ་དུ་མཚམས་འདྲི་བྱས་པ་རེད། སྙེ་མོ་རྫོང་དར་རོང་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱི་ལས་དོན་རུ་ཁག་གིས་རྫོང་དེའི་སྐོར་སྐྱོད་གློག་བརྙན་རུ་ཁག་གདན་དྲངས་ཏེ་གྲོང་ཚོར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གློག་བརྙན་བསྟན་ནས་ཞིང་འབྲོག་མང་ཚོགས་ཀྱི་བསམ་པ་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་། སྟག་རྩེ་རྫོང་བསམ་གྲུབ་གླིང་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་གྲོང་དོན་གྲོང་རྣམ་དོ་དམ་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས་གྲོང་ཚོ་དེའི་དགོན་སྡེར་སྔོ་ཚལ་དང་། ཟ་སྣུམ། འབྲས་སོགས་རྒྱུན་མཁོའི་མཁོ་ཆས་བསྐྱལ་བ་དང་འབྲེལ་མི་རིགས་ཆོས་ལུགས་སྲིད་ཇུས་སྒྲོག་འགྲེལ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་བཏང་བ་རེད། ཁྲེང་ཀོན་ཆུས་དན་བག་སྡེ་ཁུལ་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱི་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་10བཏང་ནས་སྡེ་ཁུལ་གྱི་རྒན་རྒོན་བྱེད་སྒོ་ཁང་ཉམས་གསོ་སྒྱུར་བཀོད་བྱས་ཏེ་རྒན་རྒོན་ཚོར་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་བྱེད་སྒོ་སྤེལ་ཡུལ་ཞིག་བསྐྲུན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员