[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཆོགས་ཐེངས་བཞི་པའི་ཆེད་སྒྲིག
  • བོད་ལྗོངས་ཀྱི་ས་ཆ་ཁག་དང་སྡེ་ཚན་ཁག་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-11-03

        ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཆ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་གཅིག་རྗེས་གཉིས་མཐུད་ངང་བརྒྱུད་བསྒྲགས་དང་སློབ་སྦྱོང་མགྱོགས་མྱུར་བྱས་པ་དང་འབྲེལ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་འགངས་ཆེན་ཞིག་ཏུ་བརྩིས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་དམིགས་ཚད་དང་ལས་འགན་འགངས་ཆེན་ཁག་གི་དགོངས་དོན་ངོ་བོ་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་དེང་སྐབས་ཀྱི་ལས་དོན་དམ་འཛིན་བྱས་ཐོག་ལོ་འཁོར་མོའི་དམིགས་ཚད་ལས་འགན་ཧུར་ཐག་ངང་ལེགས་སྒྲུབ་བྱེད་དགོས་ཞེས་བཤད་པ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཏུང་ཡུན་ཧུའུ་དང་། ཀརྨ། ཀྲའོ་ཀྲེང་ཤིའུ། མ་རུའུ་ལུང་། ཀྲའོ་ཧོ། ལེ་ཏ་ཁེ་བཅས་ཀྱིས་ཁག་སོ་སོར་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་ནང་ཞུགས་པ་རེད།

        ཟླ་10ཚེས་30ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཆེད་དོན་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་དྲིལ་བསྒྲགས་བསམ་བློ་དང་། རིག་གནས་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་རེད། ཏུང་ཡུན་ཧུའུ་ཡིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་འཚོགས་པའི་གལ་འགངས་ཧ་ཅང་ཆེ་བའི་ཚོགས་འདུ་ཞིག་རེད། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་། རིག་གནས་འཐབ་ཕྱོགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་སྒྲིག་འཛུགས་དང་ཇུས་འགོད་ཞིབ་ཚགས་བྱེད་པ་དང་མགྱོགས་མྱུར་ཚ་རླབས་འཕྱུར་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་བསམ་བློ་དང་གླེང་ཕྱོཌ་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་བསྟན་གནང་བ་རེད།

        ཟླ་10ཚེས་30ཉིན་གྱི་སྔ་དྲོ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང (རྒྱ་ཆེ )ཚོགས་འདུ་འཚོགས་ཏེ 《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་ནན་ཏན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བརྡ་ཐོ 》དང་། 《ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་འགངས་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 》 《〈ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་འགངས་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 〉སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསལ་བཤད 》བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཀརྨ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཀྲའོ་ཀྲེང་ཤིའུ་དང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་མ་རུའུ་ལུང་དང་། ཀྲའོ་ཧོ། ལེ་ཏ་ཁེ་བཅས་དང་དྲུང་ཆེ་ཏོན་ཤང་ཀྲེང་ཚོགས་འདུར་ཞུགས་པ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རྒྱལ་གྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཁྲོད་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རིམ་གཉིས་ཏང་ཙུའུ་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བྱེད་དགོས་ཞེས་བསྟན་པ་རེད།

        ཟླ་10ཚེས་27ཉིན་གཞིས་རྩེ་ས་ཨུད་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ས་ཁུལ་དེ་ཡོངས་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་། རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ། འགོ་ཁྲིད་ལས་བྱེད་པས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བཅས་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་རང་རྟོགས་ཀྱིས་བྱ་སྤྱོད་སྤེལ་དགོས། ལྷག་པར་དུ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ས་ཁུལ་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་འཛུགས་པ་སོགས་ལས་དོན་འགངས་ཆེན་ཁྲོད་ཁྲིམས་ལྟར་བྱ་བ་སྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་ཤེས་པ་དང་ཁྲིམས་ཧ་གོ་དོན་རྟོགས་ཆོད་མཁན་དང་། དམངས་ཡོངས་ཀྱིས་ཁྲིམས་སྲུང་བའི་སྐུལ་འདེད་པ། ཁྲིམས་སྐྱོང་བ་དང་ཁྲིམས་སྤྱོད་པའི་སྣེ་ཁྲིད་པ་བཅས་བྱེད་དགོས། རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ས་ཆ་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ་དང་ཟུང་འབྲེལ་ཡག་པོ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་ལས་ཀའི་ལག་ལེན་ལ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་འདུ་ཤེས་དེ་ལས་ཀའི་མགོ་ནས་མཇུག་བར་ཁྱབ་པ་བཅས་བྱས་ཐོག་ལོ་འཁོར་གྱི་གཙོ་གནད་ལས་འགན་ཁག་དང་ཁྲིམས་སྐྱོང་འཛུགས་སྐྲུན་བྱ་རྒྱུར་གོམས་སྟབས་གཅིག་མཚུངས་ངང་སྐུལ་འདེད་དང་གོམ་སྟབས་གཅིག་མཚུངས་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱ་རྒྱུའི་ནན་བཤད་བྱས་པ་རེད།

        ཟླ་10ཚེས་30ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་ལྟེ་བའི་ཚོགས་ཆུང་གི་སློབ་མ་སྒྲིག་འཛུགས་བྱས་ཏེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱས་ཤིང་། སློབ་མ་ཚོས་ནན་ཏན་ངང་སྤྱི་བསྒྲགས་ཀློག་པ་དང་། སློབ་སྦྱོང་ཉམས་མྱོང་ལྷུག་གླེང་བྱེད་པ། སྤེལ་རེས་ཡང་ཡང་བྱེད་པ། དངོས་སྒྲུབ་ཀྱི་གྲོས་འགོ་བཏོན་པ་བཅས་བྱས་ཡོད། སློབ་སྦྱོང་བྱས་པ་བརྒྱུད་ཚང་མས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རེའི་ཏང་གིས་ཐོག་མར་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པའི་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཤིག་ཡིན་པ་དང་། ཁྲིམས་སྐྱོང་ཀྲུང་གོ་འདི་ཉིད་སྔར་བྱུང་མྱོང་མེད་པའི་མཐོ་ཚད་ཐོག་སླེབས་པར་བྱས་ཡོད་པའི་ངོས་འཛིན་ཐུན་མོང་ཐོག་བྱེད་ཀྱི་ཡོད། ཚང་མས་སླད་ཕྱིན་གྱི་ལས་ཀའི་ཁྲོད་རང་རྟོགས་ངང་ཁྲིམས་སྐྱོང་དགོངས་དོན་ཁྲིམས་ལྟར་བོད་སྐྱོང་བའི་ལག་ལེན་ཁྲོད་མཉམ་འདྲེས་བྱས་ཏེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐབས་ཇུས་དོན་འཁྱོལ་བྱེད་པ་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་ལས་དོན་ཏན་ཏིག་སྤེལ་བ་དང་མདུན་གྲལ་དུ་སླེབས་པ་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། ཏང་གི་སློབ་གྲྭའི་ཁྲིམས་ལུགས་རིག་པའི་དགེ་རྒན་ཆེ་མོ་བ་གཞོན་པ་ཐང་ཞའོ་མིན་གྱིས་སླད་ཕྱིན་གྱི་ལས་ཀའི་ཁྲོད་ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ཁྲིམས་ལྟར་བོད་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོ་དང་སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག བློ་འདྲི་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁྲིམས་སྐྱོང་ལ་དད་གུས་བྱེད་པའི་སྙིང་སྟོབས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་ཏང་ཡོན་འགོ་ཁྲིད་དང་ལས་བྱེད་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཞེས་བཤད། ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གཞོན་པ་དབྱི་ཡུང་ཏེ་ཡིས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཁྲོད་རང་ཉིད་ཀྱིས་གོམ་གང་སྔོན་ལ་སྦྱོང་བ་དང་། མང་ཙམ་སྦྱོང་བ། གཏིང་ཟབ་ཙམ་སྦྱོང་བ་བཅས་བྱས་ཏེ་ཁྲིམས་ལུགས་འདུ་ཤེས་བརྟན་པོ་བཙུགས་ཐོག་བཅའ་ཁྲིམས་ཀྱི་དབང་གྲགས་ལ་རང་རྟོགས་ངང་སྲུང་སྐྱོང་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་མཁན་ཞིག་བྱེད་དགོས་ཞེས་བཤད་པ་རེད།

        ཟླ་10ཚེས་27ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ལས་བྱེད་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཤིང་། ཚོགས་འདུའི་ཐོག་ཐིང་དེ་ཡོངས་ཀྱི་གོང་འོག་ཚང་མས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་མགྱོགས་མྱུར་གཅིག་གྱུར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ལས་དོན་སྐས་རིམ་གསར་པར་སླེབས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་སྲིད་ཇུས་ཁྲིམས་སྲོལ་ཁྲུའི་ཁྲུའུ་ཀྲང་གཞོན་པ་མིག་དམར་སྒྲོལ་མས་ཚོགས་འདུའི་ཐོག་གཏན་འབེབས་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ལ་དམ་པོར་དམིགས་ཏེ། ལས་ཁུངས་ཀྱི་ཁྲིམས་ལྟར་སྲིད་འཛིན་པ་དང་སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཐོག་སྲིད་དོན་ཡོངས་བསྒྲགས་དང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ནས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་བྱ་གཞག་ཁྲིམས་སྐྱོང་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།

        ཟླ་10ཚེས་27ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་ཀྱིས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་ཐེངས་63པ་འཚོགས་ཏེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་ཚན་པ་དང་སྡེ་ཚན་ཁག་གིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་ཧུར་ཐག་ཞུགས་པ་དང་གསར་འབྱེད་ཡར་བརྩོན་དང་ལས་དོན་ཏན་ཏིག་སྤེལ་ནས་ཁྲེང་ཀོན་ཆུས་ཀྱི “ཁྲིམས་ལྟར་ཆུས་སྐྱོང་བའི ”འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་བྱེད་དགོས་ཞེས་བསྟན་ཡོད། ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་གདན་ཞུ་དང་གཅིག་སྡུད་སློབ་སྦྱོང་སྒྲིག་འཛུགས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་གོམ་སྟབས་རྗེས་མར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་དེ་བཞིན་རྒྱ་ཆེའི་མི་དམངས་མང་ཚོགས་ལ་འགྲེལ་བཤད་རྒྱག་པ་དང་ཀུན་གྱིས་ཤེས་རྟོགས་ཐུབ་པ་བྱ་ཆེད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་བྱ་སྤྱོད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན་པ་རེད། ཟླ་10ཚེས་29ཉིན་འདམ་གཞུང་རྫོང་གིས་རྫོང་ཨུད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལྟེ་བའི་ཚོགས་ཆུང་སློབ་སྦྱོང (རྒྱ་ཆེ )ཚོགས་འདུ་འཚོགས་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཅིག་སྡུད་ཐོག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་གཅིག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་ཟུང་འབྲེལ་བྱས་ཐོག རྩ་ཁྲིམས་དང་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་མ་རྩོམ་ནན་ཏན་ངང་བཀླགས་ནས་དགོངས་དོན་གྱི་ངོ་བོར་གོ་བ་ལེན་དགོས་པ་དང་། གཉིས་ནས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བ་བྱས་ཏེ་རྫོང་དེ་ཡོངས་སུ་ཁྲིམས་སྐྱོང་ཁོར་ཡུག་ཟབ་མོ་ཞིག་གཏོད་དགོས་པ། གསུམ་ནས་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་ཁུར་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཤུགས་ཆེར་གཏོང་བ་དང་ཁྲིམས་སྐྱོང་འཛུགས་སྐྱོང་བྱ་རྒྱུ་དེ་དེ་བས་གལ་འགངས་ཆེ་བ་དང་དེ་བས་མངོན་གསལ་དོད་པའི་སྤྱི་ཡོངས་རང་བཞིན་གྱི་གནས་བབ་ཐོག་བཞག་སྟེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་ཁྲིམས་ལྟར་རྫོང་སྐྱོང་བའི་ལས་དོན་ཁག་ལ་སྤྱི་འདོམས་ཡག་པོ་དང་། འཆར་འགོད་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员