[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཆོགས་ཐེངས་བཞི་པའི་ཆེད་སྒྲིག
  • སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཡིག་ཆ་དང་ཟུར་ཁྲིད་ཀློག་དེབ་ཀྱི་པར་ཕུད་པེ་ཅིང་དུ་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2014-11-02

        ཟླ་10ཚེས་31ཉིན་གྱི་སྔ་དྲོ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་པེ་ཅིང་དཔེ་དེབ་ཐོག་བརྩེགས་ཁང་ཆེན་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཡིག་ཆ་དང་ཟུར་ཁྲིད་ཀློག་དེབ་ཀྱི་པར་ཕུད་པེ་ཅིང་དུ་འགྲེམས་སྤེལ་ཐོག་མར་བྱེད་པའི་མཛད་སྒོ་གཉེར་བ་རེད།

        ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཡིག་ཆ་དང་ཟུར་ཁྲིད་ཀློག་དེབ་ནང་གཅིག་ནི་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་ཡིག་ཆའི་རིགས་ཀྱི་དཔེ་དེབ་གཉིས་ཡོད་པ་དེ་ནི 《ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས 》དེབ་རྐྱང་མ་དང 《ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 》དེབ་རྐྱང་མ་དང་། གཉིས་ནི་ཀྲུང་དབྱང་གི་འབྲེལ་ཡོད་ཕྱོགས་ཀྱིས་མི་དམངས་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ཚན་པར་དམིགས་སུ་པར་སྐྲུན་བྱས་པའི་སློབ་སྦྱོང་ཟུར་ཁྲིད་རིགས་ཀྱི་ཀློག་དེབ་གཉིས་ཡོད་པ་དེ་ནི་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི 《〈ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 〉ཀྱི་ཟུར་ཁྲིད་ཀློག་དེབ 》དང་ཏང་འཛུགས་སྐྱོང་གི་ཀློག་དེབ་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་པའི 《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི 〈གཏན་འབེབས 〉སློབ་སྦྱོང་ཟུར་ཁྲིད་ཀྱི་དྲི་བ་བརྒྱ 》ཞེས་པ་དེ་གཉིས་རེད། ཟུར་ཁྲིད་ཀློག་དེབ་དེ་གཉིས་པོ་ནི་ཡིག་ཆ་འཆར་ཟིན་འགོད་པའི་ཚོགས་ཆུང་གིས་རྩོམ་སྒྲིག་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་ཆེད་དབང་གྲགས་དང་ཆ་ཚང་ཤོས་ཀྱི་ཟུར་ཁྲིད་ཀྱི་དཔྱད་གཞིའི་ཡིག་ཆ་མཁོ་འདོན་བྱས་པ་ཞིག་རེད།

        གོང་གསལ་གྱི་དཔེ་དེབ་བཞི་པོ་དེ་དག་གི་མི་རིགས་ཡི་གེའི་པར་གཞི་ནི་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཤིང་། ཡིག་ཆ་དང་ཟུར་ཁྲིད་ཀློག་དེབ་དེ་དག་ཐོག་མའི་དཔེ་སྐྲུན་བསྡོམས་འབོར་ཁྲི་515ཟིན་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ངོ་བོའི་རང་བཞིན་གྱི་དོན་སྙིང་དང་བྱེད་ཐབས་ཞིབ་ཕྲ་སློབ་སྦྱོང་དང་ཤེས་རྟོགས་བྱ་རྒྱུར་ཡང་དག་ཤོས་དང་ཞིབ་ཚགས་ཤོས་ཀྱི་འགྲེལ་བཤད་བརྒྱབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员