[ English ] [ 中文 ]
0891-6325020
དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།>བརྙན་ཐུང་།

ལམ་དུམ་འདི་གཉིས་ལ་རླངས་འཁོར་གཏོང་ཆོག་གི་འདུག

ཡོང་ཁུངས།

བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

རྩོམ་པོ།

སྤེལ་དུས།

|

2022-06-22

ཉེ་ཆར།  གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར། གྲོང་སྲིད་ཨར་ལས་ཀྱི་དགོས་མཁོ་གཞིར་བཟུང་། ཟླ་6ཚེས་19ཉིན་ནས་ཟླ་8ཚེས་31ཉིན་བར། ལྷ་ས་གྲོང་ཁྱེར་ཅང་སུའུ་ལམ་ས་པོ་ལམ་མདོ་ནས་གྲོང་ཨུད་ཀྱི་ལམ་མདོ་བར་དང་།  བདེ་སྐྱིད་ལྷོ་ལམ་ནས་སྣེའུ་ཟམ་ཆེན་ལམ་མདོ་བར་གྱི་གཞོགས་གཅིག་བཀག་ནས་ཨར་སྐྲུན་བྱ་རྒྱུ་རེད་འདུག 

འགྲིམ་འགྲུལ་འགྲོ་ལམ་གྱི་གནོན་ཤུགས་ཆུང་དུ་གཏོང་ཆེད། གོང་གསལ་གྱི་གཞུང་ལམ་ཁག་གཉིས་ལ་སྤྱི་སྤྱོད་འཁོར་ལམ་གྱི་དུས་ཚོད་ཀྱི་ཚོད་འཛིན་མི་ཐེབས་པས། རླངས་འཁོར་ག་དུས་ཡིན་ཡང་ཤར་གཏོང་བྱེད་ཆོག

མཚམས་འདིར།  ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་ཁ་ལོ་བ་ཚོར་དྲན་སྐུལ་ཞུ་རྒྱུར། ཕྱིར་མ་ཐོན་གོང་། སྔོན་ལ་ཕྱིར་འགྲོའི་ལམ་ཐིག་འཆར་འགོད་བྱེད་དགོས་པ་དང་། ས་ཡུལ་དངོས་ཀྱི་ལས་དོན་མི་སྣ་དང་ལས་སྒྲུབ་མི་དམངས་ཉེན་རྟོག་པའི་བཀོད་འདོམས་ལ་ཉན་པ་དང་། རང་རྟོགས་ངང་འགྲིམ་འགྲུལ་འགྲོ་ལམ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ཏེ། བདེ་འཇགས་ངང་ཕྱིར་བསྐྱོད་པ་དང་། ཡ་རབས་ངང་ཕྱིར་བསྐྱོད་དགོས། 


འགན་འཁུར་རྩོམ་སྒྲིག་པ།    ཚེ་རྡོར།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།