[ English ] [ 中文 ]
0891-6325020
དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།>བརྙན་ཐུང་།

རྣམ་པ་སྣ་ཚོགས་ཀྱིས་མེས་རྒྱལ་གྱི་འཁྲུངས་སྐར་བསུ།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པོ།

སྤེལ་དུས།

|

2019-10-22

འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་60འཁོར་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་བཀྲ་ཤིས་པའི་དུས་ཆེན་མཉམ་འཛོམས་ཀྱི་ལོ་ཞིག་ཡིན། འདས་པའི་ལོ་ངོ་དེ་དག་རིང་ལ་ཕྱིར་མིག་བྱེད་དུས་རང་ལྗོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་ལ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད། གྲུབ་འབྲས་དེ་དག་ཀྱང་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་རྒྱལ་ཡོངས་སྤུན་ཟླའི་ཞིང་ཆེན་ཁག་གི་ཟོལ་མེད་ཀྱི་རོགས་སྐྱོར་དང་ཁ་བྲལ་ཐབས་ཀྱང་མེད།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚམས་སུ་རང་ལྗོངས་ཀྱི་ཚན་པ་མང་པོས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ། ལས་བྱེད་ལས་བཟོ་ཡོངས་དང་མང་ཚོགས་རྣམས་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་ལས་ཀའི་ཧུར་སེམས་ཆེས་ཆེར་འཕེལ་བ་དང་ཆབས་ཅིག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ལག་ལེན་བསྟར་བའི་འབྲེལ་ཡོད་ཀྱི་དགོངས་དོན་དང་བླང་བྱ་གཞིར་བཟུང་། མཐུན་སྒྲིལ་འབད་འཐབ་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། ལས་མི་ཡོངས་ཀྱིས་ཏང་ལ་བློ་དཀར་སེམས་དཀར་དང་མེས་རྒྱལ་ལ་བཅངས་པའི་བརྩེ་བ་ཟབ་མོ་མངོན་ཐུབ་པ་བཅས་བྱ་ཆེད། རིག་རྩལ་བྱེད་སྒོ་དང་། ལུས་རྩལ་བྱེད་སྒོ། ངལ་རྩོལ་རྩལ་ནུས་འགྲན་བསྡུར་སོགས་སྤེལ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་བཀྲ་ཤིས་ཀྱི་དུས་བཟང་བསུ་བཞིན་འདུག (བསོད་དབང་། སྐལ་བཟང་གྲགས་པ། ཉི་མ་གཡུ་སྒྲོན་གྱིས་གསར་འགྱུར་འགོད་སྤེལ་བྱས)

འགན་འཁུར་རྩོམ་སྒྲིག་པ།    བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།