[ English ] [ 中文 ]
0891-6325020
དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།>བརྙན་ཐུང་།

རེ་ས་ཤང་མི་རིགས་ཁག་གི་མང་ཚོགས་ཚོས་གསར་བརྗེའི་གླུ་གཞས་བླངས།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པོ།

སྤེལ་དུས།

|

2019-06-21

“གླུ་ཞིག་བླངས་ནས་ཏང་ལ་ཕུལ། ཏང་ནི་ང་ཡི་སྐྱེད་མ་ཡིན། ཨ་མས་ང་ལ་ལུས་པོ་གནང་། ཏང་གི་གཟི་བྱིན་ང་ཡི་སེམས་ལ་འཕྲོས”ད་ལོ་ནི་རླབས་ཆེན་གྱི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཡང་རེད། རེ་ས་ཤང་མི་རིགས་ཁག་གི་མང་ཚོགས་ཚོས་སྐད་གསང་མཐོན་པོས་གསར་བརྗེའི་གླུ་གཞས་བླངས་ནས། དུས་རབས་གསར་པའི་གཞི་རིམ་མི་རིགས་ཁག་གི་མང་ཚོགས་འབྱོར་ཕྱུག་ལྡན་པའི་འཚོ་བར་རོལ་བཞིན་ཏང་གི་བཀའ་དྲིན་དྲན་པའི་ཐུན་མོང་གི་སེམས་པ་དང་། མི་དམངས་ཀྱིས་ཏང་ལ་གོང་བཀུར་ཞུ་བའི་སེམས་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་གིས་སེམས་པ་ཏང་ལ་ཕྱོགས་པའི་སྲ་ཞིང་བརྟན་པའི་དད་སེམས་བཅས་མཚོན་པར་བྱས་པ་དང་སྦྲགས། གསར་བརྗེའི་གླུ་གཞས་བླངས་ནས་དྲང་ནུས་བརྒྱུད་སྤྲོད་བྱས་པས། གཞི་རིམ་མང་ཚོགས་ཚོས་རང་རེའི་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་གྱི་སེམས་པར་སྐུལ་ལྕག་ཆེན་པོ་ཐེབས་ཏེ། མེས་རྒྱལ་ལ་བཅངས་པའི་སྤོབས་སེམས་འཕེལ་ཡོད།

འགན་འཁུར་རྩོམ་སྒྲིག་པ།    བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།