[ English ] [ 中文 ]
0891-6325020
དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།>བརྙན་ཐུང་།

འགུལ་བརྙན། སྙན་སྒྲོན་ནང་ཁྱེད་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་འདུག

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ​

རྩོམ་པོ།

སྤེལ་དུས།

|

2017-10-23

ད་ལྟ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་བཞིན་ཡོད་པ་དང་། ཚོགས་འདུས་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་གཞི་བཀོད་ཅིང་། དེ་དག་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།

“ངའི་དངུལ་ཁུག་ད་དུང་ལྗིད་ཏིག་ཏིག་ཆགས་སྲིད་དམ”“ང་ལ་སྔར་བས་མང་བའི་ལས་ཞུགས་གོ་སྐབས་ཐོབ་སྲིད་དམ”“སྨན་བཅོས་དེ་བས་སྟབས་བདེ་རུ་འགྲོ་སྲིད་དམ”……ཁྱེད་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་དེ་དག་ལ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གཅིག་གཅིག་གཉིས་གཉིས་ངང་ལན་བཏབ་འདུག

1. ངའི་དངུལ་ཁུག་ད་དུང་ལྗིད་ཏིག་ཏིག་ཆགས་སྲིད་དམ།

དཔལ་འབྱོར་འཕར་སྣོན་དང་ཆབས་ཅིག་གྲོང་མིའི་ཡོང་འབབ་དུས་གཅིག་ཏུ་འཕར་བ་དང་། ངལ་རྩོལ་ཐོན་སྐྱེད་ལས་ཕྱོད་ཆེ་རུ་གཏོང་བ་དང་ཆབས་ཅིག་ངལ་རྩོལ་གྱི་ཐོབ་ཆའང་དུས་གཅིག་ཏུ་མང་དུ་འགྲོ་རྒྱུ་མཐའ་འཁྱོངས་བྱེད་དགོས།

我的钱包还能再鼓一点吗?

坚持在经济增长的同时实现居民收入同步增长、在劳动生产率提高的同时实现劳动报酬同步提高。

2. ང་ལ་སྔར་བས་མང་བའི་ལས་ཞུགས་གོ་སྐབས་ཐོབ་སྲིད་དམ།

མི་ཚང་མས་དཀའ་སྤྱད་འབད་བརྩོན་གྱི་ངལ་རྩོལ་བྱས་པ་བརྒྱུད་རང་ངོས་འཕེལ་རྒྱས་གཏོང་བའི་གོ་སྐབས་ལྡན་པ་བྱེད་དགོས།

我会有更多就业机会吗?

使人人都有通过辛勤劳动实现自身发展的机会。

3. ང་ལ་བདེ་སྡོད་ཀྱི་ཁང་པ་ཡོད་སྲིད་དམ།

ཁང་པ་ནི་སྡོད་ས་ཡིན་པ་ལས་ཚོང་ཟོག་མིན་པའི་ངེས་གནས་མཐའ་འཁྱོངས་བྱས་ནས། དམངས་ཡོངས་ལ་སྡོད་སའི་ཁང་པ་ཡོད་པ་བྱེད་དགོས།

我能有安心居住的房子吗?

坚持房子是用来住的、不是用来炒的定位。让全体人民住有所居。

4. གྲོང་གསེབ་ཀྱི་བྱིས་པ་སློབ་གྲྭ་ཡག་པོ་ཞིག་ལ་འགྲོ་ཐུབ་བམ།

བྱིས་པ་མི་རེ་ངོ་རེར་སྤུས་ལེགས་སློབ་གསོ་འདྲ་མཉམ་ངང་ལོངས་སྤྱོད་ཐུབ་པ་བྱེད་དགོས།

农村的孩子能上好的学校吗?

努力让每个孩子都能享有公平而有质量的教育。

5. ནད་གཞི་ལྟ་བདེ་པོ་ཡོང་ཐུབ་བམ།

གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་མཁོ་ཆོད་སྨན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྨན་ཡོན་གྱིས་སྨན་ཁང་གསོ་བའི་བྱེད་སྟངས་ཁྱོན་ཡོངས་ནས་མེད་པ་བཟོས་ནས། སྨན་རྫས་མཁོ་སྤྲོད་ཀྱི་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།

看病会更方便吗?

加强基层医疗卫生服务体系和全科医生队伍建设。全面取消以药养医,健全药品供应保障制度。

6. ང་ལོ་ན་རྒས་རྗེས་འཚོ་བར་འགན་ལེན་གང་ལེགས་ཡོད་དམ།

རྒན་གསོ་འགན་བཅོལ་རྒྱལ་ཡོངས་ལ་ཁྱབ་རྒྱུར་སྤྱི་འདོམས་གང་མགྱོགས་བྱེད་དགོས། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ཡོང་བ་དང་། རྒན་རྒོན་གྱི་ལས་དོན་དང་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས།

等我老了,生活会更有保障吗?

尽快实现养老保险全国统筹。推进医养结合,加快老龄事业和产业发展。

7. གནམ་སྔོན་སྤྲིན་དཀར་མང་ཙམ་མཐོང་ཐུབ་བམ།

རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས། གནམ་སྔོན་སྲུང་བའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས།

蓝天白云会更多一些吗?

持续实施大气污染防治行动,打赢蓝天保卫战。

8. ན་གཞོན་གཞུང་ལས་པར་དེ་བས་ཆེ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཡོད་སྲིད་དམ།

ན་གཞོན་ལས་བྱེད་པ་ཤེས་རྟོགས་དང་གྲབས་གསོག་བྱས་ནས་གཞི་རིམ་གྱི་ལས་ཡུལ་དངོས་དང་དཀའ་ངལ་དང་དཀའ་ཚེགས་ཆེ་ཁུལ་དུ་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ལག་ལེན་ནང་ཉམས་སད་ཐེག་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པ་རྒྱུན་ཆད་མེད་པར་འདེམས་སྤྱོད་བྱེད་དགོས།

年轻公务员会有更大发展空间吗?

大力发现储备年轻干部,注重在基层一线和困难艰苦的地方培养锻炼年轻干部,源源不断选拔使用经过实践考验的优秀年轻干部。

9. ཁྲོམ་རའི་ཁོར་ཡུག་དེ་བས་ལེགས་སུ་འགྲོ་སྲིད་དམ།

ཁྲོམ་ར་གཅིག་གྱུར་དང་ལུགས་མཐུན་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་བྱ་ཐབས་སྣ་ཚོགས་གཙང་བཤེར་དང་མེད་པ་བཟོ་དགོས།

市场环境会更好吗?

清理废除妨碍统一市场和公平竞争的各种规定和做法。

10. ས་ཞིང་འགན་གཙང་ལེན་པའི་དུས་ཡུན་ཐིམས་པས་མུ་མཐུད་དུས་ཡུན་རིང་དུ་གཏོང་སྲིད་དམ།

ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་པ་མ་ཟད་ཡུན་རིང་འགྱུར་མི་སྲིད། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཡུན་ཐིམས་རྗེས་ཡང་བསྐྱར་ལོ་སུམ་ཅུ་རིང་དུ་གཏོང་རྒྱུ་རེད། 

土地承包到期了,可以续吗?

保持土地承包关系稳定并长久不变,第二轮土地承包到期后再延长三十年。

11. ཡོང་འབབ་ད་དུང་དེ་ཙམ་མཐོ་པོ་མེད་པས་བདེ་བླག་ངང་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་ཐུབ་བམ།  

  མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ཏང་གི་བརྗིད་ཉམས་ལྡན་པའི་ཁས་ལེན་ཞིག་རེད།

收入还不够高,能顺利迈入小康社会吗?

让贫困人口和贫困地区同全国一道进入全面小康社会是我们党的庄严承诺。

12. ང་ཚོས་དེ་བས་ལེགས་པའི་སྤྱི་ཚོགས་འགན་སྲུང་ལོངས་སྤྱོད་ཐུབ་བམ།

དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་།དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད། འགན་སྲུང་འོས་འཚམ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་འཛུགས་ཐུབ་པ་བྱེད་དགོས།

 我们能享受到更好的社会保障吗?

全面实施全民参保计划。全面建成覆盖全民、城乡统筹、权责清晰、保障适度、可持续的多层次社会保障体系。

13. “སྟག་སྦྲང་མཉམ་རྡུང”བྱེད་ཤུགས་ཆུང་དུ་འགྲོ་སྲིད་དམ།

བཀག་སྡོམ་ཁུལ་མེད་པ་དང་། ཀུན་ལ་ཁྱབ་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ་དང་། བཀག་འགོག་ལ་མཐོང་ཆེན་དང་། དམ་བསྒྲགས་ནན་པོ། ཡུན་རིང་ཟིལ་གྱིས་གནོན་པ་བཅས་མཐའ་འཁྱོངས། ལྐོག་རྔན་ལེན་མཁན་དང་སྤྲོད་མཁན་མཉམ་དུ་ཞིབ་བཤེར་ཐག་གཅོད་མཐའ་འཁྱོངས་བཅས་བྱེད་དགོས།

“打虎拍蝇”的力度会减弱吗?

要坚持无禁区、全覆盖、零容忍,坚持重遏制、强高压、长震慑,坚持受贿行贿一起查。

14. རུལ་སུངས་བ་ཁྲིམས་རྒྱ་ལས་ཐར་ཐུབ་བམ།

རུལ་སུངས་བ་གང་དུ་བྲོས་ཀྱང་ཚང་མ་བཟུང་སྟེ་ཁྲིམས་ལ་སྦྱོར་དགོས་པ་དང་ཁྲིམས་ཀྱིས་གཅུན་དགོས། 

腐败分子能逍遥法外吗?

不管腐败分子逃到哪里,都要缉拿归案、绳之以法。

15. ངར་དེ་བས་མང་བའི་དྲང་སྙོམས་དྲང་བདེན་ཚོར་ཐུབ་བམ།

རྩ་འཛུགས་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་དམིགས་བསལ་དབང་ཆ་ཡོད་མི་རུང་།  ཁྲིམས་ཚབ་གཏམ་བྱེད་དང་། ཁྲིམས་མགོ་དབང་གནོན། ཁེ་གཉེར་ཁྲིམས་འགལ། ཉེར་ཕྱོགས་ཁྲིམས་འགལ་བཅས་གཏན་ནས་བྱས་མི་ཆོག

我能感受到更多的公平正义吗?

任何组织和个人都不得有超越宪法法律的特权,绝不允许以言代法、以权压法、逐利违法、徇私枉法。

16. སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་དེ་བས་མང་དུ་འགྲོ་སྲིད་དམ།

ཀྲུང་གོས་སྒོ་མོ་ཆེན་པོ་ཇེ་ཆེར་འབྱེད་པ་ལས། སྒོ་མོ་རྒྱག་མི་སྲིད།

改革开放的成果会更多吗?

中国开放的大门不会关闭,只会越开越大。

17. ང་ཚོས་དེ་བས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་ལྟ་ཐུབ་བམ།

སྤུས་ཚད་དང་། རྩོམ་གཤིས། འགན་འཁྲི་བཅས་ལ་དོ་སྣང་དང་དར་སྤེལ་བཏང་ནས། མ་རབས་དང་། ཐ་མལ་བ། སྤྲེལ་ལད་བཅས་ཀྱི་རིག་རྩལ་ལེ་ཚན་བཀག་འགོག་བྱེད་དགོས།

我们能看到更精彩的文艺作品吗?

倡导讲品位、讲格调、讲责任,抵制低俗、庸俗、媚俗。

18. ང་ཚོའི་དམག་དཔུང་གི་འབྱུང་འགྱུར་ཇི་འདྲ་ཞིག་ཡིན་ནམ།

2035ལོར་སླེབས་སྐབས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྱོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།

我们的军队未来会是什么样子?

力争到二〇三五年基本实现国防和军队现代化,到本世纪中叶把人民军队全面建成世界一流军队。

19. རྒྱལ་ཁབ་ཁ་ཕྲལ་གཏོང་མཁན་ལ་གོ་སྐབས་རག་སྲིད་དམ།

ང་ཚོས་མི་སུ་འདྲ་ཞིག་དང་། རྩ་འཛུགས་གང་འདྲ་ཞིག  སྲིད་ཏང་ཅི་འདྲ་ཞིག་གིས་དུས་གང་རུང་དང་རྣམ་པ་གང་ཞིག་ལ་བརྟེན་ནས་ཀྲུང་གོའི་མངའ་ཁོངས་ས་ཆ་གང་ཡང་རུང་བ་ཞིག་ཀྲུང་གོ་ནས་ཁ་ཕྲལ་དུ་གཏན་ནས་འཇུག་གི་མིན།

国家分裂分子会有机会吗?

我们绝不允许任何人、任何组织、任何政党、在任何时候、以任何形式、把任何一块中国领土从中国分裂出去!

འགན་འཁུར་རྩོམ་སྒྲིག་པ།    བསོད་ནམས་སྟོབས་ལགས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།