
2022ལོའི་ཟླ་6ཚེས་11ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་ཧོ་ཉིང་ཤང་མོ་ཡ་རགས་རྩྭ་ཐང་ཆེན་པོར་དབྱར་གྱི་དཔལ་ཡོན་རབ་ཏུ་བཞད་པ་དང་རྩྭ་ཆུ་འཛོམས་ལ་ཡུལ་ལྗོངས་ལྟ་བས་མི་ངོམས་ཤིང་། འབྲི་གཡག་ཁྱུ་དང་ཁྱུ་ཅི་དགར་རྩྭ་ཆུར་རོལ་བཞིན་ཡོད།
ལི་ཐང་རྫོང་ནི་རྒྱལ་ཡོངས་ཀྱི་འབྲོག་ལས་རྐྱང་པའི་རྫོང་120དང་། སི་ཁྲིན་གྱི་10 དཀར་མཛེས་ཀྱི་5ཡི་གྲས་ཤིག་རེད། རྫོང་ཡོངས་སུ་རྩྭ་ཐང་མུའུ་ཁྲི་1345.65ཡོད་པ་དང་ལག་ཡོད་འབྲི་གཡག་ཁྲི་20ལྷག་ཙམ་ཡོད། ཉེ་བའི་ལོ་ཤས་ནང་འབྲི་གཡག་གི་ཐོན་ལས་དར་རྒྱས་ཆེན་པོ་བྱུང་སྟེ། ས་གནས་དེ་གའི་འབྲོག་པ་རིམ་གྱིས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་དང་འབྲོག་པར་འབབ་འཕར་བྱུང་ཡོད།