[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྤུས་ཚད་ལེགས་སུ་གཏོང་བའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

     ཟླ་6ཚེས་17ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཞབས་འདེགས་ཀྱི་སྤུས་ཚད་ལེགས་སུ་གཏོང་བའི་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ཡོངས་ཀྱིས་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཞབས་འདེགས་ཀྱི་སྤུས་ཚད་ལེགས་སུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡོད།

    འདི་ལོ་ནི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་ལོ་གསུམ་བྱ་སྤྱོད་མཇུག་བསྡུའི་ལོ་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་ཕྱོགས་ཡོངས་ལ་ཁྱབ་པ་དང་ཁུག་ཆ་མི་ལུས་པའི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་གཉེར་སྐྱོང་ཁང་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་དང་། མེ་སྐྱོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་ཀྱི“གནད་དོན”ཡོད་པའི་སྐར་མ་རིམ་པའི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་དང་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་སྡོད་ཁང་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱེད་རྒྱུ་རེད། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཉེན་ཁ་ཆེ་བའི་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་དང་རྒྱུན་རྣམ་ཅན་གྱི་བདེ་འཇགས་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ཕུད། གཞན་ཡང་ཡུལ་སྐོར་འགྲོ་སྐྱོད་བདེ་འཇགས་དང་། ཡུལ་སྐོར་གྱི་ལག་ཁྱེར་མེད་པའི་རླངས་འཁོར། དྲ་ཐོག་མིང་ཅན་གཞུང་ལམ་གྱི་བདེ་འཇགས་དང་དེ་བཞིན་རིག་གནས་དང་ཡུལ་སྐོར་བྱ་ཡུལ་གྱི་མེ་ཟོན་བདེ་འཇགས་སོགས་འགན་ནུས་སྡེ་ཚན་དང་མཉམ་འབྲེལ་གྱིས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། ལྟ་འདོམས་མཉམ་ཤུགས་ཤིག་ཆགས་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོའི་ངང་ལེགས་ཕྱོགས་སུ་འགྲོ་བའི་འགན་ལེན་བྱེད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།