[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་དམག་ཞབས་ཐིམ་པའི་དམག་མི་གྲོང་གསེབ་དར་རྒྱས་ལ་ཞུགས་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་བཀྲམ་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

     ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་སོགས་སྡེ་ཚན་17གྱིས་མཉམ་དུ《དམག་ཞབས་ཐིམ་པའི་དམག་མི་གྲོང་གསེབ་དར་རྒྱས་ལ་ཞུགས་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས། དམག་ཞབས་ཐིམ་པའི་དམག་མིར་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུས་ཏེ་ཕ་ཡུལ་དུ་ལོག་ནས་ལས་སྒྲུབ་ལས་གཏོད་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལ་ནུས་ཤུགས་འདོན་པར་ལྕག་སྐུལ་དང་ཁྲིད་སྟོན་བྱས་པ་རེད།

    《བསམ་འཆར》དུ་བླང་བྱ་བཏོན་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དམག་ཞབས་ཐིམ་པའི་དམག་མི་གྲོང་གསེབ་དར་རྒྱས་ལ་ཞུགས་པར་ཁྲིད་སྟོན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཞིག་ཏུ་བརྩིས་ཏེ། དམག་ཞབས་ཐིམ་པའི་དམག་མི་གྲོང་གསེབ་དར་རྒྱས་ལ་ཞུགས་པར་འགན་ལེན་ཡག་པོ་དང་སྟབས་བདེ་ཆེ་ཤོས་མཁོ་འདོན་བྱེད་དགོས། ལས་དོན་གྱི་མཉམ་ཤུགས་གཅིག་སྒྲིལ་གྱིས་ལས་རིགས་ཁག་ལ་ཧུར་ཐག་ཞུགས་པར་སྐུལ་སློང་རྒྱ་ཁྱབ་དང་། བྱེད་ཐབས་ནུས་ལྡན་སྤྱད་ནས་དམག་ཞབས་ཐིམ་པའི་དམག་མི་ཕ་ཡུལ་དུ་ལོག་སྟེ་ལས་ཞུགས་ལས་གཏོད་བྱེད་པར་ཁྲིད་སྟོན། ལས་དོན་གྱི་རང་འགུལ་རང་བཞིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས། ཕན་འབྲས་འདྲི་རྩད་ལག་བསྟར་གྱིས《བསམ་འཆར》དོན་འཁྱོལ་བྱས་ཚུལ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ཀྱི་དཔྱད་ཞིབ་ཏུ་འཇུག་པ་དང་། ལོ་འཁོར་གྱི་དམིགས་ཚད་ལས་རྗེས་ཀྱི་དཔྱད་ཞིབ་ནང་དུ་འཇུག་དགོས། ཐུགས་ཁུར་དང་གཅེས་སྐྱོང་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཕྱོགས་དང་པོར་ཞུགས་པའི་དམག་ཞབས་ཐིམ་པའི་དམག་མིར་རང་འགུལ་ངང་སྲིད་ཇུས་སྒོ་རྩར་སྐྱེལ་བ་དང་འབྲེལ་ཡོད་ཐོབ་ཐང་དོན་འཁྱོལ་ལ་མཐུན་སྦྱོར་བྱས་ཏེ། གནད་སྨིན་འཐུས་ཚང་གི་ཞབས་འདེགས་ཀྱིས་དམག་ཞབས་ཐིམ་པའི་དམག་མི་གཞི་རིམ་དུ་སེམས་གནས་ཐུབ་པ་དང་གྲོང་གསེབ་དར་རྒྱས་གཏོང་བར་གཞོལ་བར་སྐུལ་འདེད་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།