[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ​ རིམས་ནད་འགོག་རྒོལ་བྱེད་པའི་ཀུན་སྤྱོད་དཔེ་བཟང་གི་བྱེད་ཐབས་དེ་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

    མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གི་རིམ་ཁག་ཀུན་སྤྱོད་དཔེ་བཟང་བས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རམ་འདེགས་བྱེད་པའི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ​ མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཅང་ཧྥུང་།    |    སྤེལ་དུས།   2020-02-14

    མདོ་ལ་རྫོང་གི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོར་ཁོར་ཡུག་འཕྲོད་བསྟེན་གྱི་ལས་ལ་བརྩོན་པ་དང་། རིམས་ནད་ཀྱི་འཐབ་ས་དང་པོར་འགོག་རྒོལ་བྱེད་པ། རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་འདོན་པ་བཅས་ཀྱི་རུ་ཁག་ཞིག་ཡོད་པ་དེ་ནི་ལི་མདོག་གི་ཁན་སྦྱར་གྱོན་པའི་ཁོར་ཡུག་སྲུང་སྐྱོང་བཟོ་པ་ཡིན་པ་དང་དེའི་ཁྲོད་2018ལོའི་ཟླ་7པར“ཀྲུང་གོའི་མི་བཟང་གི་བང་རིམ”ནང་ཚུད་པའི་ཀན་ཡིའུ་ཚུན་ཡོད་པ་རེད། རིམས་ནད་ལ་འགོག་རྒོལ་བྱེད་པའི་བཀའ་འབྱོར་བ་ནས་བཟུང་ཁོང་གིས་ཉིན་ལྟར་ཞོགས་པའི་ཆུ་ཚོད་6པར་ཁ་རས་བརྒྱབ་པ་དང་ལག་ཤུབས་གྱོན་ནས་གཙང་སྦྲ་དང་དུག་སེལ་གྱི་ལས་ཀ་བྱས་ཏེ་གད་སྙིགས་གཙང་ཕྱགས་དང་། བསྡུ་རུབ། དབོར་འདྲེན་བཅས་ཀྱི་ལྷུ་ཚིགས་ཚང་མར་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦྲགས་ཁུག་ཀྱོག་གང་སར་གཙང་སྦྲ་དང་དུག་སེལ་བྱེད་ཀྱི་ཡོད་པ་རེད།

    “རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་སྐབས་བདུན་པའི”མིང་འདོན་བྱ་དགའ་ཐོབ་མཁན་ཡོན་ཏན་ཚེ་དབང་གིས་ལོ་20ལྷག་ཙམ་ལྟ་རྟོག་བྱས་པ་དང་ད་ཆ་ལོ་85ལ་སླེབས་པའི་ཨ་མྱེས་ལྷུན་རྡོར་འཁྲིད་དེ་དཔྱིད་གསར་དུས་ཆེན་རིང་བོད་དུ་ཡུལ་སྐོར་ལ་བསྐྱོད་པ་དང་མདོ་ལར་ལོག་རྗེས་ཁྱིམ་སྡོད་ལོགས་སུ་བཞག་པ་རེད། “ད་ཆ་ང་ཁྱིམ་སྡོད་ལོགས་སུ་བཞག་པས་ལས་འགན་སྒྲུབ་པར་འགྲོ་མི་ཐུབ་ལ་ལས་འགན་སྒྲུབ་ཡུལ་གྱི་ལས་རོགས་ཚོར་ལྟོ་ཆས་ཀྱང་སྐྱེལ་བར་འགྲོ་མི་རུང་བས་ངས་དངུལ་ཏོག་ཙམ་ཞལ་འདེབས་ཕུལ་གྱི་ཡིན”ཞེས་བཤད། ཁོང་གིས་ཏང་རྩ་འཛུགས་ལ་དམིགས་བསལ་གྱི་ཏང་དངུལ་སྒོར་1000བསྐྱལ་བ་དང་སྦྲགས་གྲོང་ཚོར་ཁྱིམ་སྡོད་ལོགས་སུ་འཇོག་མཚམས་འགྲིལ་རྗེས་ཕྱིར་ལོག་ཁ་ཏ་བྱ་ཡུལ་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་རེ་བ་བཏོན་པར་གྲོང་ཚོས་མོས་མཐུན་བྱས་པ་རེད།

    མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀུན་སྤྱོད་དཔེ་བཟང་སྐབས་བཞི་པ་མཚོ་བྱང་སློབ་འབྲིང་གསུམ་པའི་སློབ་སྤྱི་ལིང་ལུའུ་ཧྲན་གྱིས་ཉིན་ལྟར་སློབ་གྲྭའི་ལས་རེས་ལས་གནས་བརྟན་སྲུང་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པ་དང་དགེ་རྒན་དང་ལས་བཟོ་ཁག་གཅིག་གི་སྣེ་ཁྲིད་དེ་བྱ་སྤྱོད་ཧུར་ཐག་སྤེལ་ནས་གྲུ་ཆུང་གི་དགེ་རྒན་གྱི་ལས་ཞག་ཁུལ་ཆུང་དུ་དུས་ཡུན་ཉིན་གཉིས་ཀྱི་གད་སྙིགས་གཙང་ཕྱགས་དང་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་སྤེལ་བ་དང་ཆབས་ཅིག་སློབ་གྲྭའི་ཚན་ཁག་གི་སྣེ་ཁྲིད་དེ་ལས་སྒྲུབ་ས་ཚིགས་8ལ་འཚམས་འདྲི་དང་དུག་སེལ་ཡང་བྱས་པ་རེད། ཁོང་གིས་ད་དུང་སློབ་གྲྭའི་ཚན་ཁག་གི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱི་བསྒྲགས་སྦྱར་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་བརྡ་གཏོང་བའི་བྱང་བུ་བཟོས་པ། ལས་རེས་མི་སྣར་ཉེན་ཟོན་ཐག་པ་འཐེན་པ་དང་ཉེན་ཟོན་བཀོད་སྒྲིག་སོགས་བྱེད་རོགས་བྱས་པ་རེད།

    “མདོ་ལ་བ་ཡག་ཤོས”དང་། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ། འབྲོང་ལུང་ཤང་མདའ་བཞི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བསྟན་པ་རྒྱ་མཚོས་སྐད་འཕྲིན་དང་ཁ་པར་སོགས་བརྒྱུད་དད་ལྡན་མང་ཚོགས་ཚོར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་སྐྱོད་མི་ཆོག་པའི་སློབ་གསོ་ཁྲིད་སྟོན་བྱས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་ལས་དོན་སྒྲིག་འཛུགས་ཡོད་པའི་སྒོ་ནས་སྤེལ་བ་རེད།

    “མདོ་ལ་བ་ཡག་ཤོས་ཀྱི་གྲས”ཨ་རིག་ཤང་རྣ་ལུང་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རེས་སྐྱབས་ཀྱིས་རིམས་ནད་ཐོན་མ་ཐག་ཏང་ཀྲི་པུའི་ཚོགས་འདུ་དང་གྲོང་ཚོ་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ་བཀོད་སྒྲིག་ཡག་པོ་བྱས་པ་དང་ཏང་ཡོན་དང་གྲོང་ཚོའི་ལས་བྱེད་པར་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་འཐབ་ས་དང་པོར་གདོང་མཆོང་བྱེད་དགོས་པའི་ནན་བཤད་བྱས་པ་རེད། ཁོང་གི་སྣེ་ཁྲིད་འོག་གྲོང་མི་ཚོས་ཉིན་མཚན་དབྱེར་མེད་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱས་པ་དང་གྲོང་ཚོའི་ནང་འགྲོ་འོང་བྱེད་མཁན་མི་སྣ་དང་རླངས་འཁོར་ལ་ཞིབ་བཤེར་ནན་པོ་བྱས་པ་རེད།

    ད་དུང“མདོ་ལ་བ་ཡག་ཤོས་ཀྱི་གྲས”མུ་རི་གྲོང་རྡལ་དགའ་སྡེ་དགོན་གྱི་སྤྲུལ་སྐུ་སྒོ་སྨད་ངག་དབང་བསམ་བསྟན་རྒྱ་མཚོས་ཞིབ་བཤེར་ས་ཚིགས་ཁག་དང་ཕྱིར་ལོག་ཁ་ཏ་བྱ་ཡུལ་ལ་འཚམས་འདྲིའི་དངུལ་སྒོར་3000དང་རིན་གོང་སྒོར་3000རི་བའི་འཚོ་བའི་མཁོ་ཆས་བསྐྱལ་ཏེ་ཤང་གྲོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད། གཞན་ཡང་རྒྱ་གྲམ་དམར་རྟགས་ཚོཌ་པ་བརྒྱུད་ཝུའུ་ཧན་གྱི་རིམས་ནད་ཐོན་ཁུལ་ལ་ཞལ་འདེབས་སྒོར་1000བརྒྱབ་པ་རེད།

    ད་རེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་མདོ་ལ་རྫོང་གི་ཀུན་སྤྱོད་དཔེ་བཟང་བ་18ཀྱིས་ཁྱོན་ཞལ་འདེབས་སྒོར་11800བརྒྱབ་པ་མ་ཟད། ད་དུང་ལས་ཀ་བྱེད་པ་དང་སྟབས་བདེའི་ཐུག་པ་དང་། འཐུང་བྱ། འོ་མ་སོགས་སྐྱེལ་བའི་བྱེད་ཐབས་བརྒྱུད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལས་དོན་ལ་ཞུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།