[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས།

    ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པ་ཁག་གཅིག་ལ་གཟེངས་བསྟོད་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-12

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ཟླ་1ཚེས་6ཉིན། གསར་འགོད་པར་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གཡུར་ཟའི་གྲུབ་འབྲས་གང་ལེགས་བཏོན་པ་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་ཆེད་ཞིང་ཆེན་ཤེས་དཔལ་ཨུ་ལྷན་གྱིས་2016ལོ་ནས་2018ལོའི་བར་གྱི་ལོ་འཁོར་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་མིང་བཏགས་གཟེངས་བསྟོད་བྱས་པ་རེད།

    ཟི་ལིང་གྲོང་ཁྱེར་སོགས་གྲོང་ཁྱེར་27ལ་ཞིང་ཆེན་རིམ་པའི་ཤེས་དཔལ་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་དང་། མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་གྲོ་ཚང་གྲོང་རྡལ་སོགས་གྲོང་ཚོ་དང་གྲོང་རྡལ་193ལ་ཞིང་ཆེན་རིམ་པའི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱི་མཚན་སྙན་ཐོབ་པ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་སོགས་ཚན་པ་758ལ་ཞིང་ཆེན་རིམ་པའི་ཤེས་དཔལ་ཚན་པའི(དཔེ་དམག)མཚན་སྙན་ཐོབ་པ། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་སློབ་གྲྭ་54ལ་ཞིང་ཆེན་རིམ་པའི་ཤེས་དཔལ་སློབ་གླིང་གི་མཚན་སྙན་ཐོབ་པ། ཀྲུའུ་ཧྥང་ཐེའི་ཁྱིམ་ཚང་སོགས་ཁྱིམ་ཚང་33ལ་ཞིང་ཆེན་རིམ་པའི་ཤེས་དཔལ་ཁྱིམ་ཚང་གི་མཚན་སྙན་ཐོབ་པ། པའེ་མེ་ལེང་སོགས་བློ་མཐུན་20ལ་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་སྔོན་ཐོན་ལས་དོན་པའི་མཚན་སྙན་ཐོབ་པ་རེད།

    2016ལོ་ཚུན། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞིང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་དེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན“ཕྱོགས་གཉིས་ཀར་དམ་འཛིན་དང་གཉིས་ཀར་དམ་འཛིན་ནན་པོའི”འཐབ་ཇུས་མཛད་ཕྱོགས་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་ཤུགས་ཆེན་དང་ལག་བསྟར་བྱས་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་བའི་དུས་རབས་ཀྱི་མི་གསར་སྐྱེད་སྲིང་ཧུར་ཐག་བྱས་པ། མཛེས་སྡུག་ལྡན་པའི་འཚོ་བའི་ཕུགས་འདུན་མཉམ་སྐྲུན་གྱིས་དུས་རབས་ཀྱི་སྲོལ་གསར་དར་སྤེལ་ཧུར་ཐག་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་དང་སྤྱི་དམངས་ཀྱི་ཤེས་དཔལ་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། སྤྱི་ཚོགས་ཀྱི་གོམས་སྲོལ་དང་ཁོར་ཡུག་གི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ། མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་བཅས་བྱས་ནས་དུས་རབས་གསར་པར་འབད་འབུངས་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་བསམ་པའི་སྟོབས་ཤུགས་དང་ཀུན་སྤྱོད་ཀྱི་འདེགས་སྐྱོར་ཆེན་པོ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།