[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་འབྲེལ་ཁུལ་ནས་བདག་ཏུ་མ་བཟུང་བའི་སྲོག་ཆཌ་དབར་ཟ་རིགས་ཧབ་རྩོད་རྒྱག་ཚུལ་པར་ལེན་ཐུབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་ཁོངས་སུ་སྒྲིག་སྦྱོར་བྱས་པའི་དམར་ཕྱིའི་ཐིག་གི་པར་ཆས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་འབྲེལ་ཁུལ་དུ་ཟ་རིགས་ཧབ་རྩོད་རྒྱག་པའི་གནས་ཚུལ་ཞིག་པར་ལེན་ཐུབ་ཡོད།

    རིགས་གཅིག་མཁས་ཅན་གྱིས་གནས་ཚུལ་དེའི་ཐོག་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་སྣོད་བཅུད་མ་ལག་གི་གདོད་མའི་རང་བཞིན་མཚོན་ཐུབ་ཅེས་བརྗོད།

    དམར་ཕྱིའི་ཐིག་གི་པར་ཆས་ཀྱིས་བླངས་པའི་བརྙན་ལམ་རུ་གནའ་བ་ཞིག་གཡང་ས་ནས་ལྷུངས་ཏེ་དབུགས་ཆད་ལ་ཉེ་བའི་གནས་སུ་གྱར་བ་དང་། ཝ་དམར་ཞིག་གིས་བསམ་ཡུལ་ལས་འདས་པའི་ཞིམ་ཟས་དེ་ཐོག་མར་རྙེད་ཀྱང་ཁམ་གཅིག་ཟ་ཁོམ་མ་བྱུང་བར་གླག་སྐེ་གསར་ཞིག་ཞིམ་ཟས་ཧབ་རྩོད་བྱེད་པར་སླེབས། དེ་ནས་ཡང་རི་མཐོའི་བྱ་རྒོད་ཁ་ཤས་གཅིག་རྗེས་གཉིས་མཐུད་ངང་འཕུར་ཡོང་ནས་གནའ་བའི་ཤ་ཧབ་རྩོད་བྱས་པ་རེད།

    དེ་ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཚན་ཞིབ་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་ཚུན། 2018ལོའི་ཟླ་5པར་གསའ་5ཡི་བརྙན་ལམ་དཔྱད་གཞི་པར་ལེན་ཐུབ་རྗེས་སླར་ཡང་པར་ལེན་ཐུབ་པའི་རྩ་ཆེའི་བརྙན་ལམ་དཔྱད་གཞི་གསར་པ་ཞིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།