[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • སི་ཁྲོན་རྔ་པའི་མཛོད་དགེའི་མེ་ཏོག་མཚེའུ་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་ལ་རིམ་སྤོར་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-02

     ཉེ་ཆར། སི་ཁྲོན་ཞིང་ཆེན་ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་དཔྱད་འདེམས་ཨུ་ལྷན་གྱིས་སྤྱི་བསྒྲགས་བཀྲམ་ནས། མཛོད་དགེའི་མེ་ཏོག་མཚེའུ་ཡི་སྣོད་བཅུད་ཡུལ་སྐོར་ཁུལ་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་གཏན་འཁེལ་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།

    མེ་ཏོག་མཚེའུ་ཡི་སྣོད་བཅུད་ཡུལ་སྐོར་ཁུལ་དེ་མཛོད་དགེ་རྫོང་ནུབ་བྱང་རྒྱུད་ཀྱི་རགས་ཆེན་རྩྭ་ཐང་གི་ལྟེ་བར་གནས་ཡོད་པ་དང་། ལྟེ་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་6.7ཡོད་པའི་ནང་གཙོ་བོ་འདམ་ར་དང་། མེ་ཏོག་མཚེའུ་ཡི་སྣོད་བཅུད། ཨ་མདོའི་བོད་རིགས་ཀྱི་དམངས་སྲོལ་མྱོང་རོལ་བཅས་ཆ་ཤས་ཆེན་པོ་གསུམ་ལས་གྲུབ་ཅིང་། དེ་ནི་སྣོད་བཅུད་ཡུལ་སྐོར་དང་། དམངས་སྲོལ་མྱོང་རོལ། ཚན་རྩལ་ཁྱབ་གདལ་སློབ་གསོ་སོགས་གཞི་གཅིག་དུ་འདུས་པའི་ཁྱད་ལྡན་རང་བྱུང་ཡུལ་སྐོར་གྱི་གནས་ཤིག་རེད་ལ། “ཀྲུང་གོའི་འདམ་ར་མཛེས་ཤོས”དང་། “ཀྲུང་གོའི་ཁྲུང་ཁྲུང་སྐེ་ནག་གི་ཕ་ཡུལ” “སོས་དལ་ཡུལ་སྐོར་གྱི་དམིགས་སའི་གནས་ཡག་ཤོས”“གཉེན་སྒྲིག་པར་རྒྱག་གི་དམིགས་སའི་གནས་ལེགས་ཤོས” “འཁོར་འཁྲིད་ཡུལ་སྐོར་གྱི་དམིགས་སའི་གནས་ཡག་ཤོས”སོགས་ཀྱི་མཚན་སྙན་ཐོབ་ཡོད།

    2019ལོར་མཛོད་དགེ་རྫོང་གིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་ཤུགས་མགྱོགས་སུ་བཏང་བ་དང་། ཁྱོན་སྒོར་དུང་ཕྱུར་1.82བཏང་ནས་མེ་ཏོག་མཚེའུ་ཡི་སྣོད་བཅུད་ཡུལ་སྐོར་ཁུལ་སྒྱུར་བཀོད་བྱས་ཏེ་རིག་ནུས་ཡུལ་སྐོར་ལས་སྟེགས་སྤྱོད་འགོ་ཚུགས་ཡོད། ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་སླར་ཡང་མི་ཁྲི་200ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། སྔོན་རྩིས་བྱས་ན། མི་ཐེངས་ཁྲི་206ཟིན་རྒྱུ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་15.9ཟིན་ནས་རྔ་པ་ཀྲོའུ་ཡི་མདུན་གྲས་ཀྱི་ཨང་བཞི་པར་སླེབས་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།