[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཟམ་པ་གསུམ་གྱིས་ཐང་སྨད་འགྲོ་ལམ་གྱི་འཕེལ་རིམ་ལ་དཔང་པོ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-06

    676783_yis_1572929638189.jpg

    འདི་ནི་ཐང་སྨད་ཟམ་ཆེན་ཡིན་པ།

    རི་ཚོགས་ཀྱིས་བསྐོར་བའི་གྲོག་རོང་དུ་ཟམ་ཆེན་གསུམ་སྐས་རིམ་བཞིན་རྦ་རླབས་དྲག་ཏུ་འཕྱུར་བའི་ཡིད་འོང་གཙང་པོ་སྒྲོལ་བའི་ཐང་སྨད་ལམ་དུམ་དུ་བསྐྲུན་ནས་ཁྲོན་བོད་ལམ་ཐིག་གི་ཡུལ་ལྗོངས་མཛེས་པོ་ཞིག་ཏུ་གྱུར་པ་དང་། ཕར་འགྲོ་ཚུར་འོང་གིཡུལ་སྐོར་བ་མང་པོས་དྲན་རྟེན་པར་ལེན་གྱི་ཡོད།

    ཟམ་པ་དང་པོ་ནི་དཔྱང་ཟམ་གང་ཞིག་ཟམ་གདན་ཐོར་ཡོད། ཟམ་པ་གཉིས་པ་ནི་ལྕོག་ཟུང་དཔྱང་ཟམ་ཡིན་ལ་བཙའ་བརྒྱབ་ཡོད། ཟམ་པ་གསུམ་པ་ནི་སྨི་256ཟིན་པའི་སྒྲོལ་རྐྱང་ལྕོག་རྐྱང་གི་དཔྱང་ཟམ་གསར་པ་ཡིན་ལ་རྔམ་བརྗིད་ལྡན་པ་ཞིག་ཡོད།

    ཟམ་པ་གསུམ་གཤིབ་པས་ཟམ་པའི་རྟེན་རྫས་བཤམས་མཛོད་ཁང་ཞིག་དང་འདྲ་བར་ཐང་སྨད་ཀྱི་འགྲོ་ལམ་འཕེལ་རིམ་གྱི་འགྱུར་ལྡོག་མཚོན་གྱི་ཡོད།

    “2000ལོར་ཡིད་འོང་གཙང་པོར་འཁྱིལ་མཚོའི་རགས་ཁ་ཤོར་ཏེ་ཟམ་རྙིང་ཆུས་ཁྱེར་བ་དང་། སྲིད་གཞུང་གིས་སྒྲིག་འཛུགས་བྱས་ཏེ་དཔྱང་ཟམ་བསྐྲུན་པ་དེ་ནི་འོག་གི་ཟམ་པ་དང་པོ་ཡིན་པ་དང་དེར་གནས་སྐབས་མི་སྣ་འགྲོ་འོང་བྱེད་ཐུབ་ཀྱི་ཡོད། དེ་རྗེས་འཁོར་རིགས་ཤར་གཏོང་ཐུབ་ཆེད་ཤར་བགྲོད་ཟམ་པ་ཞིག་བསྐྲུན་པ་དེ་ནི་ཟམ་པ་གཉིས་པ་ཡིན་ནའང་། ལྗིད་ཚད་ཏུན་20ལས་བརྒལ་མི་རུང་བ་དང་ཐེངས་རེར་འཁོར་རིགས་གཅིག་ལས་འགྲོ་ཆོག་གི་མེད། ཁྲོན་བོད་གཞུང་ལམ་གྱི་ཐང་སྨད་ལམ་བཅོས་སྒྲིག་རྒྱས་སྐྲུན་ལས་གྲྭ་གཉེར་འགོ་ཚུགས་རྗེས། ཟམ་པ་གསུམ་པ་སྟེ་ཐང་སྨད་ཟམ་ཆེན་བརྒྱབ་པ་རེད”ཅེས་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པའི་བདག་སྐྱོང་རུ་ཆེན་བཞི་པའི་བདག་སྐྱོང་རུ་འབྲིང་བཅུ་གསུམ་པའི་འཐབ་འཛིང་བ་སུའེ་ལི་པའོ་ཡིས་བཤད།

    དེ་སྔོན་སྒེར་འཁོར་བཏང་ནས་ཁྲོན་བོད་ལམ་དུ་སྐྱོད་མཁན་ལིའུ་ཞིང་ཙེང་གིས་ཕྱིར་དྲན་བྱས་པ་ལྟར་ན། ལོ་དེར་ཐང་སྨད་བརྒྱུད་སྐབས་འཁོར་རིགས་ཆུ་ཚོད་7འགགས་པ་རེད།

    ཐང་སྨད་བཅོས་སྐྱོང་དང་ཉེན་ལམ་སེལ་རྒྱུ་ནི་ཕར་འགྲོ་ཚུར་འོང་གི་ཁ་ལོ་བའི་རེ་སྒུག་བྱེད་ས་ཆེ་ཤོས་སུ་གྱུར་ཡོད།

    2012ལོར། ཐང་སྨད་ལམ་དུམ་གྱི་བཅོས་སྐྱོང་རྒྱས་སྐྲུན་ལས་གྲྭ་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”གཙོ་གནད་རྣམ་གྲངས་སུ་བཅུག་ནས་དངོས་སུ་སྐྲུན་འགོ་བརྩམས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་15ཙམ་བཏང་ཡོད་པ་རེད།

    2016ལོའི་ཟླ་4ཚེས་13ཉིན། ཕུག་ལམ་102པ་དང་། འཕུར་རྡོ་བྲག་ཕུག་ལམ། སྟག་མོ་ཁའི་ཕུག་ལམ། བྲག་ལུང་ཕུག་ལམ་1པོ། བྲག་ལུང་ཕུག་ལམ་2པ། ཐང་སྨད་ཟམ་ཆེན། འཕྲེད་ལུང་རོང་ཟམ་ཆེན་བཅས“ཕུག་ལམ་ལྔ་དང་ཟམ་པ་གཉིས”ཀྱིས་གཙོས་པའི་ཁྲོན་བོད་གཞུང་ལམ་ཐང་སྨད་ལམ་དུམ་གྱི་བཅོས་སྒྲིག་རྒྱས་སྐྲུན་ལས་གྲྭ་དངོས་སུ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་ལས། རྒྱལ་ལམ་318ཀྱི་ཁྲོན་བོད་གཞུང་ལམ་བོད་ལྗོངས་མངའ་ཁོངས་ལམ་དུམ་གྱི་སྣུམ་ནག་ལམ་བཏིངས་པ་མཚོན་གྱི་ཡོད།

    དེ་ནས་བཟུང་། རིང་ཚད་ཧྲིལ་པོར་སྤྱི་ལེ་14ཟིན་པའི་ཐང་སྨད་ཀྱི་ཉེན་ཁའི་ལམ་བུ་དེ་ལོ་རྒྱུས་སུ་གྱུར་པ་དང་། ཁྲོན་བོད་གཞུང་ལམ་གྱི་གནད་འགག་ལམ་དུམ་ཐོགས་མེད་ཤར་གཏོང་ཐུབ་སྟེ། སྐྱོད་ཡུན་ཧྲིལ་པོ་དེ་སྔའི་ཆུ་ཚོད་2ལྷག་ཙམ་ནས་སྐར་མ་20བར་ཐུང་དུ་ཕྱིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།