[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་མཚོ་སྔོན་དུ་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    ▶ མཚོ་སྔོན་ཞིང་ཆེན་དམར་གཙང་རྫོང་ཧོ་ཐའོ་ཀྲོང་ཤང་ཏཱ་ཁུའུ་ཐུའུ་གྲོང་ཚོ་ནི་ལིའུ་ཕན་ཧྲན་གཅིག་སྡུད་ཡུག་སྦྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གནས་པ་དང་། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ལོ་མང་རིང་གནས་སྦྲེལ་རོགས་སྐྱོར་བྱ་ཡུལ་གྲོང་ཚོ་དབུལ་པོ་ཞིག་རེད།

    ▶ ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་རིམ་རྩིས་བྱས་ན། གཞོང་ཐང་ཆུས་དང་དམར་གཙང་རྫོང་ལ་དབུལ་སྐྱོར་མ་དངུལ་སྒོར་ཁྲི་5800བཏང་ནས། ཡུལ་དེའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

     མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཅུས་ཀྲང་ཝང་ཅུན་མཚོ་སྔོན་ཞིང་ཆེན་དམར་གཙང་རྫོང་དུ་བསྐྱོད་ནས་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཁོང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ་དམ་པ་དོན་གཉེར་དང་། གནད་སྨིན་ཇུས་འདོན། ལམ་སྲོལ་འཐུས་ཚང་། ཕན་འབྲས་རྒྱ་བསྐྱེད་བཅས་བྱས་ནས་སྤུས་ཚད་མཐོ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་ནན་བཤད་བྱས་པ་རེད།

    མཚོ་སྔོན་ཞིང་ཆེན་དམར་གཙང་རྫོང་ཧོ་ཐའོ་ཀྲོང་ཤང་ཏཱ་ཁུའུ་ཐུའུ་གྲོང་ཚོ་ནི་ལིའུ་ཕན་ཧྲན་གཅིག་སྡུད་ཡུག་སྦྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གནས་པ་དང་། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ལོ་མང་རིང་། གནས་སྦྲེལ་རོགས་སྐྱོར་བྱ་ཡུལ་གྲོང་ཚོ་དབུལ་པོ་ཞིག་རེད། ཝང་ཅུན་གྱིས་སྔ་རྗེས་སུ་གྲོང་མིའི་ལས་སྒྲུབ་ཞབས་འདེགས་ཚོམས་ཆེན་དང་། ཁྲལ་དོན་གྱི་སྤྱི་ཕན་སློབ་རོགས་བར་མཐོངས་ས་ཚིགས། གྲོང་མིའི་རིག་གནས་ཐང་ཆེན་སོགས་སུ་ཡུལ་གཞན་དུ་གནས་སྤོས་རྗེས་ཀྱི་གྲོང་ཚོ་འཛུགས་སྐྲུན་དང་། ཐོན་ལས། སློབ་གསོ། ལས་ཞུགས་དབུལ་སྐྱོར་བཅས་ཀྱི་འཕེལ་རིམ་ལ་བརྟག་ཞིབ་བྱས་པ་མ་ཟད། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མང་ཚོགས་དབུལ་པོར་འཚམས་འདྲི་བྱས་ཏེ་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།

    ཝང་ཅུན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་ལྡོག་མེད་ཀྱི་ལས་འགན་ཞིག་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བའི་མཚོན་བྱེད་གལ་ཆེན་ཞིག་ཡིན་ལ། ང་ཚོས་ངེས་པར་དུ་འཁུར་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན་པས། ཇི་ཙམ་འགག་རྩར་སླེབས་པ་དེ་ཙམ་གྱིས་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཤུགས་སྣོན་ཆད་མེད། དཀའ་སྤྱད་འབད་འབུངས་བཅས་བྱས་ཏེ་དཀའ་ཚེགས་ཆེ་ཞིང་གཟི་བརྗིད་ལྡན་པའི་ལས་འགན་འདི་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར་ལས་ཁུངས་སུ་བསྡུ་ཉར་བྱས་པའི་ཏང་དངུལ་ལས་ཏང་ཡོན་གྱི་སློབ་སྦྱོང་དཔེ་དེབ་དང་སློབ་སྦྱོང་སྒྲིག་ཆས་ཉོས་ཏེ་ཏཱ་ཁུའུ་ཐུའུ་གྲོང་ཚོའི་ཏང་ཀྲི་པུའུ་ལ་ཞལ་འདེབས་ཕུལ་བ་རེད། ཅང་སུའུ་ཞིང་ཆེན་ཁྲལ་དོན་ཅུས་དང་ཀྲེ་ཅང་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་འབྲེལ་ཡོད་ཞིང་ཆེན(གྲོང་ཁྱེར)ཁྲལ་དོན་ཅུས་ཀྱི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཆུས་དང་དམར་གཙང་རྫོང་ལ་མཉམ་ལས་རོགས་སྐྱོར་མ་དངུལ་ཞལ་འདེབས་ཕུལ་བ་རེད། ཉེ་བའི་ལོ་ཤས་རིང་། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་རིམ་རྩིས་བྱས་ན། གཞོང་ཐང་ཆུས་དང་དམར་གཙང་རྫོང་ལ་དབུལ་སྐྱོར་མ་དངུལ་སྒོར་ཁྲི་5800བཏང་ནས་ཡུལ་དེའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།