[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཡུན་ནན་བདེ་ཆེན་གྱི་གྲོང་གསེབ་སྨན་པ་153ལ་སྨན་བཅོས་ལག་རྩལ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    ཀྲུང་གོ་གསར་འགྱུར་དྲ་བ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “ཡུན་ནན་ཞིང་ཆེན་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་བདེ་ཆེན་ཀྲོའུ་གཞོན་ནུ་ལོ་ཆུང་སྨན་བཅོས་བྱམས་སྐྱོང་དཔེ་སྟོན་རྣམ་གྲངས་གྲོང་གསེབ་ཀྱི་སྨན་པའི་སྨན་བཅོས་ལག་རྩལ་མཐོ་རུ་གཏོང་བའི་རྣམ་གྲངས་དུས་ཐེངས་གཉིས་པ”ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་འབའ་ལུང་རྫོང་དུ་གཉེར་བ་དང་། རྣམ་གྲངས་དེ་འབའ་ལུང་རྫོང་གི་སྲིད་འཛིན་གྲོང་ཚོ་ཡོངས་དང་དེ་བཞིན་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་ཁག་གི་འཐབ་ས་དང་པོའི་སྨན་པ་153ལ་ཁྱབ་ཡོད་པ་རེད།

    གསོ་སྦྱོང་བྱེད་རིང་། ཡུན་ནན་ཞིང་ཆེན་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་འབའ་ལུང་སྡེ་ཚོགས་རྫོང་ཨུད་དང་འབའ་ལུང་འཕྲོད་བསྟེན་བདེ་ཐང་ཅུས་བརྒྱུད་དྲིལ་བསྒྲགས་ཧུར་ཐག་བྱས་པ་མ་ཟད། འཐབ་ས་དང་པོའི་གྲོང་གསེབ་ཀྱི་སྨན་པའི་དགོས་མཁོ་ཤེས་རྟོགས་བྱས་ཏེ། “ཡུལ་བབ་དང་བསྟུན”ནས་ཡུན་ནན་གྱི་ཡུལ་དེ་གའི་རིགས་གཅིག་མཁས་ཅན་སློབ་ཚན་འཁྲིད་པར་གདན་དྲངས་པ་རེད།

    མིག་སྔའི་བར། གྲོང་གསེབ་ཀྱི་སྨན་པའི་གསོ་སྦྱོང་འཆར་གཞིར་རོགས་རམ་ཚན་ཁག་གི་རྒྱབ་སྐྱོར་ཐོབ་ནས་ཡུན་ནན་གྱི་ས་ཁུལ་དང་ཀྲོའུ་ཁག་ཏུ་རྒྱ་ཁྱབ་ངང་ལག་ལེན་བསྟར་བཞིན་ཡོད་པ་དང་། ད་རེས་གྲོང་གསེབ་ཀྱི་སྨན་པ་གསོ་སྦྱོང་འཆར་གཞིར་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།