[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱི་གཞི་རིམ་མི་དམངས་ཉེན་རྟོག་པ་ཝང་ཀང་གིས་གཞི་རིམ་ལ་ལོ་བཅུ་གྲངས་གཞི་ཚུགས་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-21

    མི་དམངས་ཉེན་རྟོག་པ་ཝང་ཀང་གི་ཉེན་རྟོག་པའི་གྱོན་གོས་ཀྱི་ཁུག་མ་གཡས་པའི་ནང་དུ་ལྟ་ཀློག་གྲངས་མེད་བྱས་མྱོང་བའི་ཟིན་བྲིས་དེབ་ཆུང་ཆུང་ཞིག་བླུགས་ཡོད། “འདིའི་ནང་ང་ཚོའི་ཁོངས་གཏོགས་ཁུལ་གྱི་གཙོ་གནད་མི་སྣའི་ཆ་འཕྲིན་འཁོད་ཡོད། ངས་གཟའ་འཁོར་རེར་ཁོང་ཚོའི་སར་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱེད་པར་སྐྱོད་ཀྱི་ཡོད”ཅེས་བརྗོད།

    “ངའི་ཁོངས་གཏོགས་ཁུལ་གྱི་ཁུལ་ཆུང་མང་ཆེ་བ་ནི་ཁུལ་ཆུང་རྙིང་གྲས་ཡིན་པས། མང་ཚོགས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་ཞིང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་མང་པོ་ཡོད”གྲོང་ནུབ་ཁུལ་ལྔ་བཞི་ཁྲོམ་གཞུང་ལ་མཚོན་ན། ཁུལ་ཆུང་དུ་མི་1500ཡོད་ཅིང་། དེའི་ནང་ཕྱོགས་མི་300ལྷག་ཙམ་དང་། ལས་གནས་ལས་བབས་པའི་ལས་བཟོ་500ལྷག་ཙམ། ངལ་རྩོལ་སྒྱུར་བཀོད་དང་ངལ་རྩོལ་སློབ་གཅུན་བྱས་ནས་གློད་གྲོལ་བཏང་བ་དང་དུག་རྫས་འཐེན་མཁན་20ལྷག་ཙམ་བཅས་ཡོད། “གཟའ་འཁོར་གཅིག་ནས་ཉིན་བཞི་ཙམ་རང་ཉིད་ཡུལ་མི་ཚོའི་ཁྱིམ་དུ་བསྐྱོད་དེ་གཞི་རྩའི་གནས་ཚུལ་མཐིལ་རྟོགས་དང་། འགལ་བ་གཞི་རིམ་ནས་ཤེས་རྟོགས་དང་གཞི་རིམ་དུ་ཐག་གཅོད་ཐུབ་པར་བྱེད་ཀྱི་ཡོད། ད་བར་ངས་ཁོངས་གཏོགས་ཁུལ་གྱི་ཁྱིམ་དུད་700ལྷག་ཙམ་གྱི་ཁྱིམ་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་མྱོང”ཞེས་ཝང་ཀང་གིས་བརྗོད། 

    ལོ་མང་རིང་། ཝང་ཀང་གིས་ཁྱིམ་དུད་རེ་རེ་བཞིན་ལ་བསྐྱོད་དེ་མང་ཚོགས་དང་གནས་ཚུལ་ཤེས་རྟོགས་དང་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱས་ཡོད། “མང་ཚོཌ་ལ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ཁྲོད། ངས་ཁུངས་སྣེ་དང་གཙོ་གནད་མི་སྣར་གྲལ་བཤེར་བྱས་ནས། ཉེས་གསོག་སྔོན་འགོག་ཚོད་འཛིན་ཐུབ་པར་བྱེད་ཀྱི་ཡོད” ལས་གནས་ལས་བབ་པའི་མི་སྣ་ཁ་ཤས་ལ་ཡོང་འབབ་མེད་པས་འཚོ་བར་དཀའ་ངལ་འཕྲད་ནས་ཉེས་པ་བསགས་སྲིད། དེར་བརྟེན། ངས་ཐབས་ལམ་མང་པོ་བརྒྱུད་དེ་ལས་གནས་ལས་བབས་པའི་མི་སྣའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་ཡིན་ཞེས་ཝང་ཀང་གིས་བརྗོད།

    2018ལོ་ནས་བཟུང་། ཝང་ཀང་གིས་ཁོངས་གཏོགས་ཁུལ་ནང་གི་གྲངས་ཉུང་དངུལ་བུན་གཏོང་མཁན་ཀུང་སི་ཁག་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། ལག་ཁྱེར་མེད་པར་གཉེར་སྐྱོང་དང་། ཁྱབ་ཁོངས་ལས་བརྒལ་ནས་གཉེར་སྐྱོང་། སྒྲིག་འགལ་ངང་གཉེར་སྐྱོང་བཅས་ཀྱི་གྲངས་ཉུང་དངུལ་བུན་ཀུང་སི་ཁག་གཅིག་ལ་ཁྲིམས་ལྟར་བཅོས་སྒྲིག་བྱས་པ་དང་། ལོ་གཉིས་ཙམ་འབད་འཐབ་བྱས་པ་བརྒྱུད། ཁོངས་གཏོགས་ཁུལ་དེའི་ཝན་ཧྥང་གྲོང་ཚོང་དོན་ལྟེ་གནས་ནང་གི་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པའི་གྲངས་ཉུང་དངུལ་བུན་ཀུང་སི་28དང་། ཁྱབ་ཁོངས་ལས་བརྒལ་ནས་གཉེར་སྐྱོང་བྱེད་མཁན་གྲངས་ཉུང་དངུལ་བུན་ཀུང་སི་13གཅིག་སྡུད་ཐོག་གཙང་བཤེར་བྱས་པ་རེད།

    གནས་ཚུལ་ཤེས་རྟོགས་བྱེད་པར་སྐྱོད་སྐབས་མང་ཚོགས་ཀྱིས་ཝན་ཧྥང་གྲོང་ཚོང་དོན་ལྟེ་གནས་ནང་སྤྱི་ཚོགས་སྟེང་གི་མ་དངུལ་བསྡུ་རུབ་བྱས་པའི་གྲངས་ཉུང་དངུལ་བུན་ཀུང་སི་མང་དག་ཅིག་ཡོད་པའི་སྐོར་བཤད་བྱུང་། མང་ཚོགས་ཀྱིས་མཁོ་འདོན་བྱས་པའི་ཁུངས་སྣེ་དེར་ཝང་ཀང་གིས་ལོ་གཉིས་ལྷག་ཙམ་རྩད་གཅོད་བྱས་ཡོད། ཕྱོགས་ཡོངས་ཀྱི་གྲལ་བཤེར་ནས་གཙོ་གནད་གསེད་བཀྲོལ་དང་། དེའི་རྗེས་ཀྱི་གཙང་བཤེར་བཅོས་སྒྲིག་བཅས་ཀྱི་བར། ཕར་བལྟས་ན་ཁག་པོ་དེ་ཙམ་མེད་མོད། འོན་ཀྱང་དངོས་སུ་སྒྲུབ་དུས་དཀའ་ངལ་མང་པོ་འཕྲད་ཡོད། ཕྱོགས་ཡོངས་ཀྱི་གྲལ་བཤེར་གཅིག་པོར་མཚོན་ན་ཡང་། ཀུང་སིའི་སྡོད་ཁང་དངུལ་བུན་གྱི་རྩིས་ཁྲ་དང་ལས་ཀའི་ལམ་ལུགས་ལ་ཞིབ་བཤེར་དང་། ཀུང་སིའི་གཉེར་སྐྱོང་གི་གནས་ཚུལ་ཤེས་རྟོགས། ཀུང་སིའི་གནད་དོན་དང་ཐོན་སྲིད་པའི་མངོན་མེད་ཉེན་ཁར་དབྱེ་ཞིབ་སོགས་ཀྱི་ཐད་ལོ་གཅིག་ལྷག་ཙམ་འགོར་ཡོད།

    བཅར་འདྲི་བྱེད་སྐབས། ཝང་ཀང་གི་ལག་ཐོགས་ཁ་པར་ལ་སྐད་འཕྲིན་མང་པོ་འབྱོར་བ་དང་། ཁོང་གིས་ཁ་པར་བཏོན་ནས་ལྟ་དུས། གསར་འགོད་པས་ཁོང་གི་ཁ་པར་ནང་ཁོངས་གཏོགས་ཁུལ་གྱི་ཡུལ་མིའི་འབྲེལ་གཏུག་ཚོགས་པ་24བཙུགས་ཡོད་པ་མཐོང་བ་རེད། “ཚོགས་པའི་ནང་གི་ལས་མི་ཚང་མ་ངའི་ཁོངས་གཏོགས་ཁུལ་གྱི་ཡུལ་མི་ཡིན། མི་700ལྷག་ཡོད། ཁོང་ཚོར་རོགས་པ་དགོས་ཚེ་ཚོགས་པའི་ནང་སྐུར་ཆོག ངས་འཕྲལ་དུ་གནད་དོན་ཐག་གཅོད་བྱེད་ཐབས་འདོན་གྱི་ཡོད”ཅེས་བརྗོད། 

    ཞིབ་བཤེར་དང་འཚམས་འདྲི། ལས་སྒྲུབ་སོགས་རྒྱུན་གཏན་གྱི་ལས་ཀ་ཕུད། ཝང་ཀང་ད་དུང་ཧྲེང་ལི་ལམ་མངགས་གཏོང་ཁང་གི་སེམས་རྩ་འཁོལ་བའི་མང་ཚོགས་ཀྱི་སྣེ་ལེན་པ་ཞིག་རེད། སྡོད་བྱའི་སྐབས་སུ། ཁོང་གིས་ཆ་ཚོད་24རིང་ལས་གནས་བརྟན་སྲུང་བྱས་ཏེ། ཞབས་ཞུའི་སྐར་ཁུང་དུ་མང་ཚོགས་ལ་སྣེ་ལེན་ཞུ་བ་དང་། མང་ཚོགས་ལ་ཆའཕྲིན་འཚོལ་རོགས་བྱེད་པ། ཁ་པར་ལེན་པ་སོགས་བྱེད་དགོས་ཀྱི་ཡོད། “གཞི་རིམ་ལ་ཞབས་འདེགས་ཞུ་བའི་ལས་ཀ་དང་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་ཀ་ཚང་མ་གལ་ཆེན་པོ་རེད”ཅེས་བཤད།

    “ལས་གནས་གང་འདྲ་ཞིག་ཏུ་ཡོད་ན་ཡང་ལས་གནས་དེའི་འགན་འཁྲི་འཁུར་དགོས”མི་དམངས་ཉེན་རྟོག་པ་བྱས་ནས་ལོ་བཅུ་ལྷག་ཙམ་སོང་རིང་། ཝང་ཀང་གིས་ལས་ཀ་ཏན་ཏིག་སྒྲུབ་པ་དང་སྤྱོད་ཚུལ་ལེགས་པོ་ཡོད་པར་བརྟེན་ནས། “སྡེ་ཁུལ་གྱི་ཕུལ་བྱུང་ཉེན་རྟོག་པ”དང་། “ཕུལ་བྱུང་གཞུང་ཞབས་པ” “གྲོང་སྡོད་ཕུལ་བྱུང་མི་དམངས་ཉེན་རྟོག་པ”སོགས་ཀྱི་གཟི་བརྗིད་མཚན་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།